མགོ་ལོག་ཁུལ་དཔེ་མཛོད་ཁང་གིས་བསྡུས་པའི་དཔེ་ཀློག་འགྲན་སྡུར།

      ༢༠༡༨ལོའི་ཟླ་༤བའི་ཚེས་༢༣ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དཔེ་མཛོད་ཁང་གིས་རྟ་བོ་ས་ཁུལ་དུ་བསྡུས་པའི་ཉིས་སྟོང་༢༠༡༨ལོའི་འཛམ་གླིང་དཔེ་ཀློག་ཉིན་མོར་སྐབས་གཉིས་པའི་དཔེ་ཀློག་འགྲན་ཚོགས་བསྡུས།   སྔ་ཕྱིར་རྨ་ཆེན་རྫོང་ཡོངས་ཀྱི་སློབ་ཁུལ་ནས་འགྲན་ཞུགས་མི་སྣ་བརྒྱ་ལ་ཉེ་བ་ལྷག་གིས་ཐོག་མའི་འགྲན་སྡུར་དང་། བསྐྱར་འགྲན་བཅས་ཀྱི་གོ་རིམ་བདེ་ལེགས་ངང་གྲུབ་སྟེ་ཚེས་༢༣ཉིན་གྱི་དགོང་མོར་རྟིང་རྩོད་འགྲན་སྡུར་གྱི་བྱ་འགུལ་སྤེལ།

     ཐེངས་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བུ་བཞི་འགྲན་སྡུར་ལ་ཞུགས་ཤིང་། ཁོ་ཚོའི་གསལ་དག་སྙན་གསུམ་གྱི་གྱེར་འདོན་ངག་རྩལ་ལ་ཐོག་མཐའ་བར་གསུམ་དུ་ཀུན་གྱིས་བསྟོད་བསྔགས་ཐོབ།  མཐར་རྟིང་རྩོད་འགྲན་སྡུར་སྐབས་སློབ་བུ་བཀྲ་ཡག་ལ་ཨང་གསུམ་པའི་བྱ་དགའ་དང་། སྐལ་བཟང་གར་དབང་། མགོན་པོ་དགྲ་འདུལ། རྒྱུ་ཐ་མཐོང་དགའ་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ། སློབ་གླིང་ལ་རྩ་འཛུགས་ཕུལ་བྱུང་གི་བྱ་དགའ་ཐོབ།


ཤེས་རིག་སློབ་གླིང་ལ་རྩ་འཛུགས་ཕུལ་བྱུང་གི་བྱ་དགའ་ཐོབ།


སློབ་བུ་བཀྲ་ཡག་ལ་ཨང་གསུམ་པའི་བྱ་དགའ་ཐོབ།


ཁུལ་དཔོན་གཞོན་པ་འབྲུག་སྐྱིད་ཀྱིས་བྱ་དགའ་གནང་།


ཤེས་རིག་སློབ་གླིང་གི་འགྲན་ཞུགས་པའི་སློབ་མ།


གསར་འགོད་པ།  དགེ་རྒན་བཟོད་པ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-04-24 ལྟ་ཀློག (4412)