ཀྲུང་གོའི་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་ཆེན་མོ།

ཀྲུང་གོའི་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་ཆེན་མོ།

    ཐེན་ཅིན་ནི་ཀྲུང་གོའི་རྒྱལ་ས་པེ་ཅིན་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ཉེར་ལྔའི་མཚམས་སུ་ཡོད། མི་གྲངས་ཁྲི་ཕྲག་ཆིག་ཁྲི་ལྔ་སྟོང་ལྔ་བརྒྱ་ལྷག་གིས་གྲུབ་པའི་གྲོང་ཁྱེར་ཆེ་ཤོས་ཤིག་ཡིན།  གྲོང་ཁྱེར་འདི་ནི་འཛམ་གླིང་ཉོ་ཚོང་ཁྲོམ་རའི་གྲུ་ཁ་ཆེས་ཤོས་དང་རྒྱལ་སྤྱིའི་མཉམ་ལས་ཚོང་འབྲེལ་ལྟེ་གནས་ཀྱི་གྲོང་ཁྱེར་གཙོ་བོ་ཞིག་ཡིན། ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཟླ་བཞི་བའི་ནང་རྒྱལ་ཁབ་ཚོང་དོན་པུའུ་དང་ཐེན་ཅིན་མི་དམངས་སྲིད་གཞུང་། ཀྲུང་ཧྭ་རྒྱལ་ཡོངས་དཔའ་ཆོ་མཉམ་འབྲེལ་ཚོགས་པ། ཀྲུང་གོ་ཚོང་ལས་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་ཐེན་ཅིན་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་དང་PECC དངོས་མང་འགྲེམས་སྟོན་ཚོགས་པ་བཅས་ཀྱིས་སྤྱི་ཟླ་༤བའི་ཚེས་༡༣ ཉིན་གྱི་སྔ་དྲོ་ཐེན་ཅིན་གྲོང་ཁྱེར་མའེ་ཅང་འགྲེམ་སྟོན་ལྟེ་གནས་རུ་གཟབ་རྒྱས་ངང་མཛད་སྒོ་དངོས་སུ་ཕྱེ་བ་དང་ཆབས་ཅིག་རྒྱ་ནག་དང་དབྱིན་ཅི། རྒྱ་གར། བལ་ཡུལ།  ཧྥ་རིན་སི།  ཨུ་རུ་སི།  པ་ཅིས་སུ་ཐིན།  ཉི་ཧོང་།  ཕོ་ཨར་ཅིས།  ཁུ་ཧྲི་མིས་ཨར་སོགས་རྒྱལ་ཁབ་སུམ་ཅུ་སོ་གཉིས་ལྷག་གི་ཁེ་ལས་པ་དང་མཐུན་གཉེར་ཁང་གི་ཐོན་རྫས་གྲགས་ཅན་མང་བོ་ཐེངས་འདིའི་འགྲེམས་སྟོན་ལ་དངོས་སུ་ཞུགས་ཡོད།  དེ་དག་གི་ཁྲོད་དུ་མཚོ་སྔོན་རྨ་ལྷོའི་ཁྱད་ཐོན་དངོས་རྫས་དང་ཀན་ལྷོ་དཔའ་རིས། ལྷ་ས་ཆབ་མདོ་སོགས་བོད་ཀྱི་ཐོན་རྫས་གྲགས་ཅན་སྐོར་ཞིག་ཀྱང་ཡུལ་དངོས་སུ་འགྲེམས་སྟོན་བྱས་ཡོད། ཐེངས་འདིའི་འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་དྲུག་ལྷག་ཡོད་པ་དང་དེའི་ནང་དུ་རྒྱལ་སྤྱིའི་ཚད་ལྡན་འགྲེམས་སྟོན་ས་ཁུལ་སུམ་སྟོང་བརྒྱ་དང་ལྔ་བཅུ་ལྷག་ཡོད།སྤྱི་ཟླ་བཞི་བའི་ཚེས་བཅུ་གསུམ་ནས་ཚེས་བཅུ་བདུན་བར་མུ་མཐུད་དུ་འགྲེམ་སྟོན་བྱ་འཆར་ཡོད་པ་རེད། 

མཚོ་སྔོན་གཅན་ཚ་རྫོང་གི་མཛུབ་སྟོན་དབུ་ཁྲིད་རྣམས་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་ཁང་དུ་ཕེབས་པ།

ཐེན་ཅིན་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོ་ཁག་དང་ས་གནས་བརྙན་འཕྲིན་ཁང་གིས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ།

གངས་ལྗོངས་བདུད་རྩི་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་སྟེང་ཞུགས་པར་གཟིགས་ཞིབ་གནང་བ།

པནྟེ་དྲི་མཆོག་བདུག་སྤོས་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

གཅན་ཚའི་འབྲུ་སྣའི་རི་མོ་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

གཅན་ཚའི་གཡང་མདའ་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

མཚོ་སྔོན་མེ་ལོང་རིག་གནས་སྒྱུ་རྩལ་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

ཨ་མ་ལ་ཐོན་རྫས་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

གཅན་ཚའི་ཤ་སྐམ་ཐོན་རྫས་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

ལྷ་རིས་པ་པདྨའི་ལྷ་རིས་སྒྱུ་རྩལ་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

ལྷ་རིས་པ་གཟུངས་འབུམ་གྱི་ལྷ་རིས་སྒྱུ་རྩལ་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

ཁབ་སྐུད་བོད་ལྭ་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་དུ་ཞུགས་པ།

ཐེན་ཅིན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་གཟིགས་ཞིབ་ཏུ་ཕེབས་པ།

མཚོ་སྔོན་ཞིང་ཆེན་གྱི་དབུ་ཁྲིད་རྣམས་ཀྱིས་འགྲེམས་སྟོན་ཁང་དུ་གཟིགས་ཞིབ་གནང་བ།

ཐེན་ཅིན་བརྙན་འཕྲིན་ཁང་གི་གསར་འགོད་པས་ཁབ་སྐུད་བོད་ལྭ་མཐུན་གཉེར་ཁང་གི་འགན་འཛིན་པར་བཅར་འདྲི་བྱེད་བཞིན་པ།

དཔའ་རིས་རྫོང་གི་རྫོང་དཔོན་འགྲེམས་སྟོན་ཁང་དུ་ཕེབས་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-04-16 ལྟ་ཀློག (5485)