གཅན་ཚའི་འབྲུ་སྣའི་རི་མོ།

གཅན་ཚའི་འབྲུ་སྣའི་རི་མོ།

   འབྲུ་སྣའི་རི་མོ་ནི་མདོ་སྨད་གཅན་ཚ་ནས་གསར་དུ་དར་བའི་ཁྱད་འཕགས་ཀྱི་མི་རིགས་བཟོ་རྩལ་ཐོན་རྫས་ཤིག་ཡིན་ལ།དེ་ནི་སྣག་ཚ་དང་ཚོན་སྣས་བཟོས་བ་ཞིག་མ་ཡིན་པར།གྲོ་ནས་སྲན་གསུམ་དང་ལོག་གར།ཡུངས་དཀར་སོགས་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་འབྲུ་སྣ་མང་པོའི་རང་མདངས་གཞིར་བཟུང་ནས་སེམས་ཞིབ་མོས་སྡེབ་སྒྲིག་བྱས་ནས་གྲུབ་པའི་སྤུས་ལེགས་ཀྱི་སྒྱུ་རྩལ་ཐོན་རྫས་ཤིག་ཡིན།  དེ་ལ་བསྟོད་པའི་མཐེ་བོང་མི་བསྒྲེངས་མཁན་མེད་ལ།གནའ་ནས་བཟུང་ངལ་རྩོལ་མི་དམངས་ཀྱིས་ལོ་ལེགས་འབྱུང་བ་དང་།  གནམ་འོག་བདེ་འཇགས་ཡོང་བ།བདེ་སྐྱིད་ཀྱི་ཉི་མ་འཆར་བའི་བཀྲ་ཤིས་སྨོན་འདུན་གྱི་རྟེན་འབྲེལ་དུ་བཟོས་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ཐོན་རྫས་ཤིག་ཡིན།འབྲུ་སྣའི་རི་མོའི་བཟོ་ཐབས་ཅུང་རྙོག་འཛིང་ཡིན་ཏེ། འབྲུ་རྡོག་འདེམ་པ།སྨན་དུ་སྦངས་བ།རླངས་བཙོ་བྱེད་པ། བསིལ་སྐམ་བྱེད་པ། གཞི་སྒྲོམ་བརྡོར་བ། སྦྱོར་བ།  འོད་འཁྱུག་པར་བྱེད་པ།  ཤོག་སྦྱོར་མཛེས་བཟོ་སོགས་སྒྱུ་རྩལ་གྱི་གོ་རིམ་བརྒྱུད་དེ།  འབུ་འགོག་དང་རུལ་འགོག   མདོག་དང་དབྱིབས་མི་འགྱུར་བ།  སྦོས་འཁུམ་མེད་པ།བསླངས་གཟུགས་ཀྱི་འཆར་ཡན་ལྡན་པ།  སྤྱོད་ཡུན་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་པར་བྱས་ཡོད། འབྲུ་སྣའི་རི་མོ་ལ་མི་རིགས་རིག་གནས་ཀྱི་དོན་སྙིང་ཆེན་པོ་ལྡན་ཏེ། སངས་རྒྱས་ཆོས་ལུགས་ཀྱིས་འབྲུ་རིགས་སྣ་ལྔ་ནི་ས་ཡི་སྙིང་བོ་དང་བཀྲ་ཤིས་བའི་རྫས་སུ་ལྟ་ལ། དམངས་ཁྲོད་དུ་འབྲུ་རིགས་སྣ་ལྔ་ནི་ལྷ་འདྲེན་གདོན་འགོག་བྱེད་པའི་ཁྱིམ་གྱི་ནོར་བུ་རུ་བྱེད། གཞིས་ཁྱིམ་དུ་འབྲུ་སྣའི་རི་མོ་ཉར་བ་ནི་མཛེས་སྤྲས་ཁོ་ན་ཙམ་མ་ཡིན་པར་ཚེ་རིང་ནད་མེད་འབྱུང་བ། ཚེ་བསོད་རླུང་རྟ་དར་བ། རྒྱུ་འབྱོར་ལོངས་སྤྱོད་རྒྱས་བ། བཀྲ་ཤིས་འཆམ་མཐུན་འཛོམ་པའི་རྟེན་འབྲེལ་དུ་སྒྲིག་པ་ཞིག་ཡིན།

   བདེ་ཐང་དང་རང་བྱུང་།  རང་མདངས་ནི་འབྲུ་སྣའི་རི་མོའི་རང་གྲུབ་ཁྱད་ཆོས་ཡིན་ལ།མི་དང་འབྲུ་རིགས་ཀྱི་འབྲལ་ཐབས་མེད་པའི་འབྲེལ་བ་ནི་ཚེ་སྲོག་དང་རང་བྱུང་ཁམས་ཀྱི་རྒྱུན་བསྲིངས་ཡིན་པས།  འབྲུ་སྣའི་རི་མོའི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་ལས་མི་དང་རང་བྱུང་འཆམ་མཐུན་གྱི་མཛེས་བ་མཚོན་ཐུབ།  འབྲུ་སྣའི་རི་མོའི་ཞིབ་ཚགས་ཀྱི་བཟོ་སྐྲུན་ལས་ཕྱིའི་རྣམ་པ་མིག་ལ་མཛེས་བ་མ་ཟད།  ཉར་ཚགས་ཀྱི་དུས་ཡུན་རིང་ཞིང་རིག་གནས་ཀྱི་དོན་སྙིང་ལ་ཐུན་མོང་མ་ཡིན་པའི་མཛེས་བ་བསྣན་ཡོད།འབྲུ་རིགས་ལ་ཟ་མའི་རིན་ཐང་ལྡན་པ་ཁོ་ན་མ་ཡིན་པར།  མི་དང་རང་བྱུང་ཁམས་ཀྱི་ཕྱི་ནང་གཉིས་ཀ་མཛེས་བཟོའི་རིན་ཐང་ཡང་ལྡན་པས།  འབྲུ་རིགས་སྣ་ལྔས་མིའི་ཚེ་སྲོག་སྦྲུམ་ཡོད་ལ།འབྲུ་རིགས་སྣ་ལྔའི་སྒྱུ་རྩལ་གྱིས་མིའི་ལྷག་བསམ་འཁུར་ཡོད།  འབྲུ་སྣའི་རི་མོ་ནི་རིག་གནས་ཤིག་དང་ལྷག་བསམ་ཞིག་གི་འབྲས་བུ་ཡིན་ཞིང་།  གཞན་ལ་འབྲུ་སྣའི་རི་མོ་འབུལ་བ་ནི་ལྷག་བསམ་ཞིག་དང་ཡིད་ཆེས་ཤིག་མཚོན་གྱིན་ཡོད་པས།  འདི་ནི་དུས་སྟོན་སོགས་སུ་མི་ཕན་ཚུན་བར་ལ་འབུལ་བའི་ལེགས་སྐྱེས་བཟང་བོ་ཞིག་ཀྱང་ཡིན།



འབྲི་སྣའི་རི་མོ་ཀྲུང་གོའི་ཐེན་ཅིན་རྒྱལ་སྤྱིའི་འགྲེམ་སྟོན་སྟེང་ཞུགས་ཏེ་འགྲེམས་སྟོན་བྱེད་ཀྱིན་པ།

མཚོ་སྔོན་གཡང་འགུག་འབྲུ་སྣའི་རི་མོ་གསར་སྤེལ་སྤྱི་གཉེར་ཁང་གི་འགན་འཛིན་པ་བསོད་ནམས་འབུམ།

ཀྲུང་གོའི་ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་སྟེང་འབྲུ་སྣའི་རི་མོ་ངོ་སྤྲོད་གནང་བཞིན་པ།

གོང་རིམ་གྱི་འགོ་ཁྲིད་རྣམས་ལ་འབྲུ་སྣའི་རི་མོ་ངོ་སྤྲོད་གནང་བཞིན་པ།

འབྲེལ་གཏུག་ཁ་པར།  13209733950    13139135044


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-04-14 ལྟ་ཀློག (12354)