ཞིང་ཆེན་དང་ཁུལ་རིམ་པའི་འགོ་ཁྲིད་སྐོར་ཞིག་གངས་ལྗོངས་གཅེས་ནོར་བཟོ་གྲྭར་ཕེབས་པ།

    

        ཁ་སང་སྟེ་སྤྱི་ལོ་2018ལོའི་ཟླ་4བའི་ཚེས་12ཉིན་དཔྱིད་ཀྱི་དཔལ་ཡོན་རྨ་ཡུལ་མགོ་ལོག་ཏུ་མངོན་པའི་སྦྲང་ཆར་ཟིལ་མའི་དངོས་གྲུབ་དང་ལྷན་དུ།  མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ཁང་ཡུང་(匡湧)དང་ཞིང་ཆེན་བཟོ་ཚོང་ཁང་གི་དྲུང་ཡིག་ཆེན་མོ་བོའུ་ཞོ་ཧྥིན(武晓峰)རྣམ་གཉིས་ཀྱིས་དབུ་ཁྲིད་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་ཁག་ཅིག རང་མགོ་ལོག་ཁུལ་ཁུལ་གཙོ་དཔལ་རྒྱལ་བཀྲ་ཤིས་དང་ཁུལ་གཙོ་གཞོན་པ་ཀྲང་བུན་ཆེན(张文庆)བཅས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་གཙོ་སྐོར་ཞིག་ངེད་གངས་ལྗོངས་གཅེས་ནོར་ཚད་ཡོད་མཐུན་གཉེར་ཁང་དུ་གཟིགས་ཞིབ་ཏུ་ཕེབས་ཏེ་བྱ་བར་རྒྱབ་སྐྱོར་དང་མཛུབ་སྟོན་བླ་མེད་གནང་།

གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་དུ་ཞིང་ཆེན་སོགས་ཀྱི་གོང་རིམ་འགོ་ཁྲིད་རྣམས་ཕེབས་བཞིན་པ།

  མཚོ་སྔོན་ཞིང་ཆེན་གྱི་འགོ་གཙོ་གཞོན་པ་ཁང་ཡུང་(匡湧)དང་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གཉིས་ཀྱིས་ལག་འཇུ་བྱེད་བཞིན་པ།

ཞིང་ཆེན་འགོ་གཙོ་དང་ཁུལ་གཙོ་སོགས་བཟོ་གྲྭར་གཟིགས་སྐོར་དུ་ཕེབས་པ།

     རང་མཐུན་གཉེར་ཁང་གི་སྤྱིའི་འགོ་གཙོ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་མཐུན་གཉེར་ཁང་གི་གནས་སྐབས་ཀྱི་འཕེལ་རྒྱས་དང་མ་འོངས་འཆར་འགོད་བཅས་ངོ་སྤྲོད་བྱས་བ་ལ།   འགོ་གཙོ་ཁང་ཡུང་(匡湧)གི་གསུང་རྒྱུར་ཆུང་འདྲིས་ནས་མགོ་ལོག་འོ་ཕྱེ་ལོངས་སུ་སྤྱད་མྱོང་བས་འདི་ལ་ཧ་ཅང་དགའ།    ཁྱེད་ཚོས་འདི་རྒྱུད་འཛིན་དང་དར་སྤེལ་བཏང་བར་མདུན་ལམ་ཆེན་པོ་ཡོད། ཁྱད་པར་དུ་འབྲི་མོ་ནི་བོད་ལྫོངས་དང་མཚོ་སྔོན་བཅས་ཀྱི་ཁྱད་ཆོས་རང་བཞིན་ལྡན་པའི་ཐོན་ཁུངས་ཤིག་ཡིན་པས།    འདིའི་འོ་མ་ལ་རང་བྱུང་གི་རིན་ཐང་ཆེན་པོ་ལྡན་པ་ཚད་མཐོན་པོའི་ངང་ཚོང་རྭར་སྤེལ་རྒྱུ་གལ་ཆེ་ཞེས་མཛུབ་སྟོན་བླ་མེད་གནང་ཡོད།


མཐུན་གཉེར་ཁང་གི་སྤྱི་གཉེར་བ་པདྨ་མཁའ་འགྲོས་མཐུན་གཉེར་ཁང་གི་བྱ་བ་སྙན་ཞུ་འབུལ་བཞིན་པ།


མགོ་ལོག་འབྲི་མོའི་འོ་ཕྱེ་སོགས་ཐོན་སྐྱེད་བྱེད་བཞིན་པའི་བཟོ་གྲྭར་ཕེབས་པ།

       མཇུག་མཐར་མཐུན་གཉེར་ཁང་གི་འདས་པའི་དཀའ་སྡུག་དང་མ་འོངས་པའི་འོད་སྣང་ལ་བསྔགས་བརྗོད་དང་བཅས་མགོ་ལོག་གི་འོ་མའི་འཕེལ་རྒྱས་ལ་ཁ་ཕྱོགས་ལྡན་པ་དང་མདུན་སྐྱོད་ཀྱི་ནུས་ཤུགས་ཆེ་ཞེས་གདེང་འཇོག་ཆེན་པོ་བྱས་པ་མ་ཟད་ལམ་སྟོན་གང་མང་བྱས་ཤིང་བརྩེ་བའི་ལག་ཟུང་དམ་དུ་འབྲེལ།


  མགོ་ལོག་འབྲི་མོའི་འོ་ཕྱེ།



ཚོང་ཁྲོམ་དུ་དགའ་བསུ་ཐོབ་བཞིན་པའི་གངས་ལྗོངས་གཅེས་ནོར་གྱི་ཐུན་མིན་ཐོན་རྫས་ཀ་ར།


མགོ་ལོག་འོ་ཕྱེ།


15209751177

13997459693

གསར་འགྱུར་མཁོ་སྤྲོད་པ།  གངས་ལྗོངས་གཅེས་ནོར་བཟོ་གྲྭའི་གཞུང་སྒྲུབ་ཁང་།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-04-14 ལྟ་ཀློག (10108)