ད་ལོར་རྭ་རྒྱའི་སློབ་གྲོགས་གཉིས་ཀྱིས་ནུབ་བྱང་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པར་རྟེན་འབྲེལ་ཞུ།

༧གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་

གཉིས་ཀྱིས་སྤྱི་ལོ་༢༠༡༨ལོའི་ནུབ་བྱང་མི་རིགས་སློབ་ཆེན་བོད་

སྐད་ཡིག་སྡེ་ཁག་གི་ཞིབ་འཇུག་སློབ་མར་

རྒྱུགས་འཕྲོད་པར་རྟེན་འབྲེལ་ཞུ།


      བློ་བཟང་བཀྲ་ཤིས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་གི་ཡིན ། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་མ་ཡིན། སྤྱི་ལོ་༢༠༡༦ལོ་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་ལས་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན། ད་ལོ་སྟེ་སྤྱི་ལོ་༢༠༡༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སྡེ་ཁག་ལ་རྒྱུགས་སྤྲད་དེ་ཨང་དང་པོ་ཐོབ།


      བློ་བཟང་རྣམ་རྒྱལ་ནི་ཀན་ལྷོ་རྨ་ཆུའི་དབལ་བན་ཚང་གི་ཡིན་ལ། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བཞི་བའི་མཐར་ཕྱིན་འཛིན་གྲྭ་དང་བོའི་སློབ་མ་ཡིན། དེ་རྗེས་ནུབ་བྱང་མི་རིགས་སློབ་གྲྭ་ནས་དངོས་གཞི་ཟུར་འདོན་བྱས་ཏེ་སློབ་མཐར་ཕྱིན་ནས་སྤྱི་ལོ༢༠༡༨ལོའི་ནུབ་བྱང་མི་རིགས་སློབ་གྲྭའི་བོད་སྐད་ཡིག་སློབ་གླིང་གི་བོད་རིག་པའི་རབ་འབྱམས་ཞིབ་འཇུག་ལ་རྒྱུགས་འཕྲོད།

གསར་འགོད་པ།  ཀླུ་སྨྱོན་ཨ་ཙ་ར།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2018-03-28 ལྟ་ཀློག (5085)