འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་བརྡ་ཁྱབ།

འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་བརྡ་ཁྱབ།

  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྨན་ཁང་སྟེ་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གིས་བོད་ལུགས་གསོ་བ་རིག་པའི་ཡང་དག་པའི་རིག་གཞུང་ལ་གཞི་བཅོལ་ཞིང་ཐུན་མིན་གྱི་ལག་ལེན་དང་མན་ངག་ཟུང་འབྲེལ་གྱིས་ས་གནས་སོ་སོའི་ནད་པ་རྣམས་ལ་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད་ལ། ཁྱད་པར་དུ་སྙིང་ཁམས་ཁྲག་རྩའི་ནད་རིགས་དང་། ཕོ་བའི་བད་སྨུག་སོགས་ཕོ་བའི་ནད་རིགས། མཁྲིས་རྡོ་ཆགས་པའི་ནད་སོགས་མཆིན་མཁྲིས་ཀྱི་ནད་རིགས། ཁྲག་ནད། གློ་ནད། གཉན་རིམས་བལ་ནད་སོགས་དུས་ངན་ནད་ངན་གྱི་རིགས་ལ་སློབ་དཔོན་མཁས་པའི་ཐུན་མོང་མ་ཡིན་པའི་མན་ངག་དང་ཕྱག་ལེན་གྱི་གདམས་པ་ལྟར་སྨན་བཅོས་བྱེད་བཞིན་ཡོད།


  སྨན་རྩིས་གླིང་གི་བོད་སྨན་དཔྱད་བཅོས་ཁང་དུ་གཏར་ག་དང་། མེ་བཙའ། དུགས་བཅོས། མེ་བུམ། སྐམ་ཁབ། དབྱུག་བཅོས། བསྐུ་མཉེ། སྣུམ་བྱུག ཏེལ་བཅོས། ཐུར་མའི་བཅོས་སོགས་ཀྱིས་ནད་རིགས་མི་འདྲ་བ་མང་བོར་གསོ་བཅོས་བྱེད་ཐུབ།


སྨན་རྩིས་གླིང་གི་སྨན་ལུམས་ཁང་གིས་རུས་ཚིགས་ཀྱི་ནད་རིགས་དང་། རྩ་ནད་རིགས། དྲེག་གྲུམ་གྱི་ནད། སྐེ་མཇིང་དང་སྒལ་ཚིགས་རྐེད་ཚིགས་ཀྱི་རུས་ལྷག་གསར་སྐྱེས་དང་རྩ་དཀར་ཀྱི་ནད། པགས་ནད་སོགས་ལ་བོད་ལུགས་སྨན་ལུམས་ཀྱི་རླངས་ལུམས་དང་བཅིང་ལུམས་ཀྱིས་་གསོ་བཅོས་བྱེད་བཞིན་ཡོད།



འོད་ཁབ་འཕྲུལ་ཆས།   ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་འོད་ཁབ་འཕྲུལ་ཆས་ཀྱི་གསོ་བཅོས་ནི་དེང་རབས་གྱི་སྔོན་ཐོན་ལག་རྩལ་གསར་བ་ཞིག་ཡིན་ལ། གསོ་བཅོས་འདིར་ཞོར་སྐྱོན་མེད་ལ་ཕན་ནུས་མང་བའི་ནད་རིགས་གསོ་བཅོས་ཀྱི་ཁྱད་ཆོས་དང་ལྡན་པ་ཞིག་སྟེ་ཀླད་སྙིང་ཁྲག་རྩའི་ནད་དང་། ཁྲག་ཤེད་མཐོ་བ། དྲེག་གྲུམ་གྱི་ནད། པགས་ནད།  མགོ་ན་བ། ཁྲག་འདྲིལ་བའི་ནད། དབུགས་འཚང་གི་ནད། ཁྲག་གི་མངར་ཆ་མཐོ་བ། དྭངས་སྙིགས་མི་སྙོམས་པ། གཉན་ཁ་རྒྱས་པ། དབང་རྩའི་ནད་གཞི། རྣ་བ་འུར་བ ། མགོ་ཡུ་འཁོར་བ། ཀླད་གཤིས་རྩ་གྲིབ། ཤ་གྲིམ་སྐྲན་རྒྱུད་ནད་གཞི། ཆུ་སྐྲངས་། གཉིད་མི་ཁུགས་པ། ཁྲག་ཉམ་སྙིང་ནད་བཅས་ལ་ཕན་ཞིང་། གཞན་རྨ་ཁ་སོས་བ་དང་ལུས་ཟུངས་གསོ་བ། རྒས་ཀ་སྲ་བ། ཁྲག་རྒྱུན་ཁྲོད་ཀྱི་དབྱང་རླུང་གི་ཚད་འཕེལ་བ། ཁྲག་ལམ་དབྱང་རླུང་གི་སྐྱེལ་འདྲེན་ནུས་པ་ཇེ་ལེགས་སུ་གཏོང་བ། ཁྲག་གི་འཁོར་སྐྱོད་ཞན་པ་བཅས་ལ་ཕན་ནོ།།


འབྲེལ་གཏུགས་ཁ་པར། 18946856388
འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གིས། ༢༠༡༨ལོའི་ཟླ༣ཚེས༡༠ཉིན།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-03-11 ལྟ་ཀློག (8827)