གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ལོ་འཁོར་སྤྱི་བསྡོམས་ཚོགས་འདུ་མགོ་ལོག་ཁུལ་དུ་འཚོགས་པ།

གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ལོ་འཁོར་སྤྱི་བསྡོམས་ཚོགས་འདུ་མགོ་ལོག་ཁུལ་དུ་འཚོགས་པ།

   2018 ལོའི་སྤྱི་ཟླ་3པའི་ཚེས་7ཉིན་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་ཚབ་ཚོང་བའི་ལོ་འཁོར་སྤྱི་བསྡོམས་ཚོགས་འདུ་མགོ་ལོག་ཁུལ་རྨ་རྒྱལ་མཉམ་སྒྲུབ་ཚང་སྡེ་གཞུང་ལས་ཁང་དུ་འཚོགས་ཤིང་།   ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཆོག་དང་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་པདྨ་མཁའ་འགྲོ་སོགས་རྒྱུན་ལས་རྣམས་དང་།  ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་རྣམས་བཅས་ཟབ་ཞུགས་བྱས་ཡོད་པ་དང་།   ས་གནས་སོ་སོའི་ཚབ་ཚོང་བ་རྣམས་ཀྱིས་ཁྲོམ་རྭའི་གནས་ཚུལ་དང་ཕྱིར་འཚོང་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་ཀྱི་གནས་ཚུལ་སྙན་ཞུ་བྱས་ཤིང་།  འཛད་སྤྱོད་པའི་བསམ་ཚུལ་བསྡུ་ལེན་བྱས་པའི་གནས་ཚུལ་ཐད་ཀྱི་གྲོས་གཞི་བཏོན་པར་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་གཙོས་རྒྱུན་ལས་རྣམས་ཀྱིས་ཐོན་རྫས་ཀྱི་སྤུས་ཀ་དང་ཕྱིར་འཚོང་གི་གནས་བབ་ཐད་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས།

སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱིས་ཉམས་མྱོང་ཕྱོགས་བསྡོམས་ཀྱི་གསུང་བཤད་གནང་བ།

གངས་གཅེས་ནོར་མཐུན་གཉེར་ཁང་གི་སྤྱིའི་འགན་འཛིན་པ་པདྨ་མཁའ་འགྲོ་དང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་རྣམས་ཀྱིས་བསམ་ཚུལ་འདོན་བཞིན་པ།

ས་གནས་སོ་སོའི་ཚབ་ཚོང་བས་ཕྱིར་ཚོང་གི་གནས་བབ་ཐད་ཀྱི་བསམ་ཚུལ་གླེང་བ།

ཚབ་ཚོང་བ་རྣམས་ཀྱིས་ས་གནས་ཕྱིར་ཚོང་དང་འཛད་སྤྱོད་པའི་བསམ་ཚུལ་བསྡུ་ལེན་གྱི་གནས་ཚུལ་གླེང་བ།

ཚོགས་ཞུགས་རྒྱུན་ལས་རྣམས་དང་ཚབ་ཚོང་བའི་མཉམ་པར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-03-07 ལྟ་ཀློག (6043)