ང་ཚོའི་སེམས་འདུན་དང་འཛམ་གླིང་ཞི་བདེ།

ང་ཚོའི་སེམས་འདུན་དང་འཛམ་གླིང་ཞི་བདེ།

 

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་གྲོགས་རྣམས་ཀྱིས་རང་སློབ་གླིང་གི་འཁྲུངས་སྟོན་ཉི་ཤུ་བ་ནས་བཟུང་ལོ་རེར་འཆར་ཅན་ལྟར་མ་ཡུམ་སློབ་གླིང་གི་དགེ་རྒན་བཀའ་དྲིན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། མཐར་ཕྱིན་ཟིན་པའི་སློབ་མ་རྣམས་དང་མཐར་ཕྱིན་འགྱུར་གྱི་སློབ་གྲོགས་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་དང་། བྱ་བ་ལམ་འགྲོ་ཡོང་བ་སོགས་སྒོ་དུ་མར་དམིགས་ཏེ་ལོ་རེ་བཞིན་ལོ་སར་ཚེས་བཅུ་གསུམ་ནས་འགོ་བརྩམས་ཏེ་གདན་ས་ཆེན་པོ་དག་གི་སྐུ་གསུང་ཐུགས་རྟེན་མཆོད་འབུལ་ཞུས་པ་དང་ཆོས་སྡེ་ཁག་གི་གྲྭ་ཚང་རིན་པོ་ཆེར་ཐུགས་སྨོན་སྐྱབས་འཇུག་ཞུ་བའི་རྒྱུན་སྲོལ་ཡོད་པ་ལྟར། ཐེངས་འདིར་ཡང་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནས་དབུ་བཙུགས་ཏེ་མདོ་སྨད་སྐུ་འབུམ་དགོན་པ་དང་།   ཨ་རིག་རྭ་རྒྱ་དགོན་པ། གཙང་དགོན་པ།  བྱ་ཁྱུང་དགོན་པ།  ཀླུ་ཚང་དགོན་པ།  ཁྲི་ཀའི་ཇོ་བོའི་ལྷ་ཁང་།  བན་ཤུལ་དགོན་ཕུན་ཚོགས་བཀྲ་ཤིས་ཆོས་རྫོང་གླིང་། ཆ་དུང་རི་དགོན་པ། ཤར་འཛམ་ཐང་གཙང་ཆེན་དགོན་པ། གཙང་ཞོལ་མ་དགོན་དཔལ་ངེས་དོན་བཀྲ་ཤིས་ཆོས་འཁོར་གླིང་། རྟ་ནག་མའི་གྱོལ་སྐོར་དགོ་པ། ལྷ་མོ་དྲེའུ་དགོན་པ་སོགས་སུ་མཆོད་འབུལ་སྐྱབས་འཇུག་ཞུས་ཏེ་དཀོན་མཆོག་གསུམ་དང་ཡི་དམ་ཆོས་སྐྱོང་སྲུང་མར་འཕྲིལ་བཅོལ་ཞུས་པའི་ནུས་མཐུ་ལ་བརྟེན་ནས་བདག་ཅག་རྣམས་དང་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ལྡན་པ་དང་འཛམ་གླིང་ཞི་བདེ་ཡོང་པའི་སྨོན་འདུན་བཅས་བོད་ཟླ་དང་བོའི་ཚེས་བཅོ་བརྒྱད་ཉིན་བདེ་བླག་ངང་མཇུག་གྲུབ་པར་བྱས་པ་ཡིན།

ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ།

སྐུ་འབུམ་དགོན་པ།

ཨ་རིག་རྭ་རྒྱ་དགོན་པ།

གཙང་དགོན་པ།

 བྱ་ཁྱུང་དགོན་པ།

ཀླུ་ཚང་དགོན་པ།

བན་ཤུལ་དགོན་ཕུན་ཚོགས་བཀྲ་ཤིས་ཆོས་རྫོང་གླིང་།

ཆ་དུང་རི་དགོན་པ།

ཤར་འཛམ་ཐང་གཙང་ཆེན་དགོན་པ།

གཙང་ཞོལ་མ་དགོན་དཔལ་ངེས་དོན་བཀྲ་ཤིས་ཆོས་འཁོར་གླིང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2018-03-05 ལྟ་ཀློག (4995)