སློབ་གླིང་གསར་འགྱུར། ༢༠༢༤ལོའི་དབྱིན་སྐད་ངག་རྩལ་འགྲན་སྡུར།



༢༠༢༤ལོའི་སྤྱི་ཟླ་༤ཚེས་༨ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་བུ་རྣམས་ཀྱི་དབྱིན་ཡིག་གི་ཆུ་ཚད་ཇེ་མཐོ་དང་སྦྱོང་འདུན་ཆེ་རུ་གཏོང་ཆེད། དབྱིན་སྐད་ངག་རྩལ་འགྲན་སྡུར་སྐབས་བཅུ་བ་གླིང་སྟོད་ཀྱི་སློབ་མའི་ཟ་ཁང་དུ་སྤེལ། 
           བྱ་འགུལ་སྟེང་རང་སློབ་གྲྭའི་ཆེད་ལས་མཐོ་འབྲིང་རིམ་པའི་འཛིན་གྲྭ་སོ་སོ་ཞུགས་པ་མ་ཟད། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་མ་འགའ་ཡང་འགྲན་སྡུར་ལ་ཞུགས།  འགྲན་སྡུར་གྱི་རྣམ་གྲངས་ལ། ༼༡༽དབྱིན་སྐད་གཏམ་བཤད་འགྲན་སྡུར།  ༼༢༽གར་ཆུང་འགྲན་སྡུར། ༼༣༽ དབྱིན་གླུ་འགྲན་སྡུར། གྱེར་འདོན་འགྲན་སྡུར་བཅས་ཀྱིས་གྲུབ་ཅིང་།  དགེ་རྒན་རྣམ་པས་འགྲན་སྡུར་གྱི་རྣམ་གྲངས་མི་འདྲ་བ་རེ་རེར་དྲང་སྙོམས་ཀྱི་སྐད་གྲངས་བྱིན་པ་ལ་བརྟེན་ནས་ཐེངས་འདིའི་འགྲན་སྡུར་ལས་ཚན་ཁག་སོ་སོའི་ཨང་རིམ་ནི་གཤམ་གསལ་ལྟར་ཡིན།།

ཨང་དང་བོ། རྩྭ་ཐང་བུ་མོའི་སློབ་གྲྭ།
ཨང་གཉིས་པ། མཐོ་གཉིས་དང་བོ།
ཨང་གསུམ་པ།  མཐར་ཕྱིན་གཉིས་པ།
ཨང་བཞི་བ། མཐར་ཕྱིན་དང་བོ།
ཨང་ལྔ་བ།  མཐོ་གཉིས་གཉིས་པ།
ཨང་དྲུག་པ། མཐོ་གཅིག་དང་བོ།
ཨང་བདུན་པ།  མཐོ་གཅིག་གཉིས་པ།
ཕུལ་བྱུང་འཛིན་གྲྭ། རྩྭ་ཐང་བུ་མོའི་སློབ་གྲྭ།

གཏམ་བཤད་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན། 
མཐོ་གཉིས་དང་བོའི་བློ་གྲོས་རྒྱ་མཚོ།
ཨང་གཉིས་པ་ཐོབ་མཁན།  
རྩྭ་ཐང་བུ་མོ་སློབ་གྲྭའི་གསང་བདག་མཚོ། 
ཨང་གསུམ་པ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་བློ་བཟང་གྲགས་པ།


གླུ་དབྱངས་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན།
རྩ་ཐང་བུ་མོའི་སློབ་གྲྭའི་གཡང་དཀར་སྒྲོལ་མ། ཚེ་སྐྱིད་ལྷ་མོ།
ཉི་མ་མཚོ། གཡུ་དབང་མཚོ།
ཨང་གཉིས་པ་ཐོབ་མཁན།
མཐོ་གཅིག་དང་བོའི་གཡང་ལུང་།
ཨང་གསུམ་པ་ཐོབ་མཁན།
མཐོ་གཉིས་དང་བོའི་ལྷ་མོ་སྐྱབས་དང་འཇིགས་མེད་མཆོག་དབྱངས།

གྱེར་འདོན་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་བློ་བཟང་གྲགས་པ།
མཐར་ཕྱིན་གཉིས་པའི་བློ་བཟང་འཇམ་དཔལ།
ཨང་གཉིས་པ་ཐོབ་མཁན།
མཐོ་གཉིས་དང་བོའི་བློ་བཟང་ཡེ་ཤེས།
ཨང་གསུམ་པ་ཐོབ་མཁན།
མཐར་ཕྱིན་དང་བོའི་ནོར་བུ་དབང་ཕྱུག

བཞད་གར་འགྲན་སྡུར་ཁྲོད་ཨང་དང་བོ་ཐོབ་མཁན། 
རྩ་ཐང་བུ་མོའི་སློབ་གྲྭའི་གངས་དཀར་ལྷ་མོ ། རིག་ལྡན་སྐྱིད ། ཤེས་རབ་མཚོ ། གནམ་མཚོ ། དཀོན་མཆོག་ཆོས་སྒྲོན། 
ཨང་གཉིས་པ་ཐོབ་མཁན།
མཐར་ཕྱིན་གཉིས་པའི་སྐྱིད་དགའ། ཐུབ་བསྟན་ཉི་མ།  ཆོས་འཕེལ་རྒྱ་མཚོ།  ཆོས་འབུམ་རྡོ་རྗེ།   ཐུབ་བསྟན་བསོད་ནམས།
ཨང་གསུམ་པ་ཐོབ་མཁན།
མཐར་ཕྱིན་དང་བོའི་བློ་བཟང་དཔལ་ཁོ།  ཕུན་ཚོགས་ཟླ་བ།  ཤེས་རབ་ཐོག་མེད།  མགོན་པོ་སྐྱབས།  གངས་དཔལ་སྐྱབས་བཅས་ཡིན་ནོ། །


མཇུག་མཐར་དབྱིན་ཡིག་དགེ་རྒན་བསམ་འཕེལ་རྡོ་རྗེ་མཆོག་གི་འགྲན་སྡུར་དང་འབྲེལ་ཏེ་གསུངས་བཤད་གནང་སྟེ་ཐེངས་འདིའི་བྱ་འགུལ་ཡོངས་སུ་མཇུག་བསྡུས། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-04-14 ལྟ་ཀློག (431)