བོད་ཀྱི་པཎྚི་ཏའི་དཀར་ཆག (བཅུ་དྲུག་པ) གྲོ་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན།

གྲོ་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན།

འགྲུབ་མཐའ། དགེ་ལུགས་པ།

འཁྲུངས་འདས། མི་གསལ།

གྲོ་པཎྜི་ཏ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་དང་པོ་ཡིན་ཞིང་མཛོད་དགེ་གྲོ་ཚང་དུ་སྐུ་འཁྲུངས། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ཞིང་། ཆུང་དུས་ནས་གྲོ་ཀུན་བཟང་ཉི་མའི་སྤྲུལ་སྐུར་ངོས་འཛིན་མཛད། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བསྡུས་གཞུང་སྦྱངས། སྐུ་འབུམ་དགོན་དུ་བྱོན་ནས་ཕར་ཕྱིན་སོགས་གཞུང་ལྷག་མ་བཞི་ལ་ཐུགས་གཉེར་མཛད། རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ་(༡༧༥༧)ལོར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས། སྔར་གྱི་སྒྲིག་ལམ་ཀུན་སྤྱོད་ཉམས་པ་སླར་གསོ་དང་། མ་ཉམས་པ་རྣམས་གོང་འཕེལ་དུ་མཛད། གྲྭ་ཚང་རང་ལ་རྩ་རྒྱུད་དང་། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་དེ་འཛིན་གྲྭ་བཞིར་ཕྱེས། བརྩི་བཞག་ལ་ཡང་སྨན་རྒྱུད་བཞི་གནང་། དབྱར་ཆོས་དང་། སྟོན་ཆོས་གཉིས་ལ་རྡེའུ་དང་སྟོར་པོ་འགྲེམ་པ་དང་། དབྱར་གནས་ལ་སྨན་རིགས་ངོས་འཛིན་པའི་རྣམ་གཞག་འཁྲུངས་དཔེ་བློ་ལ་བཟུང་། དྲི་མེད་ཤེལ་ཕྲེང་ལ་སློབ་ཁྲིད་ལེགས་པར་མཛད། ཧོར་ཟླ་བདུན་པའི་ཚེས་གཉིས་ནས་དབྱར་བྱིན་རླབས་གནང་ངོས་ཆུ་དཀར་རི་ཁྲོད་དུ་ཕེབས་ཤིང་། དེ་ལྟར་ལོ་ཁ་ཤས་ཀྱི་བར་དུ་ཆོས་སྲིད་གཉིས་ཀྱིས་འཛིན་སྐྱོང་སྤེལ་བའི་བཀའ་དྲིན་བསྐྱངས། ས་དང་རྡོ་ཤིང་སྔོ་སྨན་གྱི་ངོས་འཛིན་ཞག་བདུན་ཙམ་དུ་མཛད་པའི་སྲོལ་བཙུགས། ད་དུང་ཁོང་གིས་འདུ་ཁང་མང་བོ་གསར་བཞེངས་མཛད། རྟེན་གསུམ་དང་མཆོད་རྫས་སོགས་ཡོ་བྱད་གང་མཁོ་གསར་བསྐྲུན་གྱིས་སྤྱི་འཇོག་ཏུ་ཕུལ།  བ་སོགས་གྲྭ་ཚང་འདི་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཞི

གསལ་བཤད། བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན།ག་ཡིན།




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-03-19 ལྟ་ཀློག (173)