སློབ་གླིང་གསར་འགྱུར། ཤེས་རིག་གླིང་གི་སློབ་འགོ་རྩོམ་པའི་སློབ་ཐུན་དང་བོ།

༢༠༢༤ལོའི་སྤྱི་ཟླ་༣ཚེས་༢ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་འགོ་རྩོམ་པའི་སློབ་ཐུན་དང་བོ་འཚོགས་ཤིང་།  སྔ་དྲོར་དགེ་རྒན་དང་ལས་བཟོ་བ་ཡོངས་མཉམ་དུ་སློབ་གྲྭའི་ཕྱོགས་ཡོངས་ལ་གཟིགས་སྐོར་གནང་སྟེ་སྒྲིག་ཆས་དང་འཛུགས་སྐྲུན་སོགས་ཀྱི་བདེ་འཇགས་ལ་ལྟ་རྟོགས་ནན་མོ་གནང་བ་དང་། ཕྱི་དྲོར་དགེ་སློབ་ལས་བཟོ་བ་ཡོངས་མཉམ་དུ་སློབ་འགོ་རྩོམ་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་སྟེང་དུ་སློབ་གཙོ་གཅོད་པ་ཚེ་རིང་ལགས་དང་། སློབ་དོན་ཁང་གི་འགོ་བ་གྱི་ལིང་འཇིགས་མེད། སློབ་སྲིད་ཁང་གི་སློབ་གཙོ་གཙུག་ཕུད་རྒྱ་མཚོ་སོགས་ཀྱིས་གོང་རིམ་གྱི་སློབ་གསོའི་དགོངས་དོན་དང་།  སློབ་མའི་ཕྱོགས་ཡོངས་ཀྱི་བདེ་འཇགས།  སློབ་སྦྱོང་གི་དགོས་པ་སོགས་དང་འབྲེལ་ནས་གསུང་བཤད་གལ་ཆེན་གནང་སྟེ།  ཐེངས་འདིའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་འགོ་ཚུགས་པའི་སློབ་ཐུན་དང་བོའི་ཁྲོད་དགེ་སློབ་ཡོངས་ལ་བསམ་བློའི་ངེས་ཟིན་གསར་བ་ཐོབ་སྟེ་མཇུག་བསྡུས། 




  







རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-03-02 ལྟ་ཀློག (322)