ཁམས་ལི་ཐང་ཕྱོགས་ཀྱི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།

 

ས་གནས་གཉིས་མཉམ་སྒྲུབ་ཀྱི་ཐོན་མིའི་སློབ་ཚོགས། 

སྤྱི་ལོ༢༠༢༤ལོའི་ཟླ༢པའི་ཚེས་༡༩ཉིན་གྱི་ཕྱི་དྲོར་ཕ་ཡུལ་ལི་ཐང་དང་ཉག་ཆུ་གཉིས་ཀྱི་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་གདན་གཅིག་ཏུ་འཛོམས་ནས་དགེ་རྒན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་གི་དགོངས་དོན་དང་སློབ་གསོའི་ཁ་ཕྱོགས་གཙོ་བོར་བཟུང་ནས་ས་གནས་གཉིས་མཉམ་འདུས་ཀྱི་ཐོན་མིའི་སློབ་ཚོགས་ཀྱི་དབུ་འབྱེད་ཚོགས་འདུ་ལི་ཐང་དུ་འཚོགས། ཚོགས་འདུའི་ནང་དོན་གཙོ་བོ་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་ལམ་སྟོན་སོགས་དང་མཐུན་པར་ཕྱོགས་གང་ཐད་ནས་མི་རིགས་རིག་གནས་དང་ཡུལ་ཕྱོགས་ལ་སྲི་ཞུ་ཞབས་འདེགས་ཀྱི་ལས་གཞི་རེ་གང་ནུས་ཅི་ནུས་ཀྱིས་བསྒྲུབ་རྒྱུའི་གྲོས་འཆམས།གཞན་ཡང་སློབ་ཚོགས་ཀྱི་མིང་ལ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཁམས་ལྷོའི་ཐོན་མིའི་སློབ་ཚོགས་ཞེས་ཁམས་ཀྱི་ལྷོ་ཕྱོགས་སུ་གཏོགས་པའི་ལི་ཐང་དང་ཉག་ཆུའི་ས་གནས་གཉིས་ཀྱི་ཚབ་མཚོན་ཐུབ་པའི་མིང་གཏན་ཁེལ་བྱས།སློབ་ཚོགས་ལ་ཚོགས་གཙོ་རྒན་གཞོན་གསུམ་དང་རྩོམ་སྒྲིག་ཚན་ཆུང་ཞིག གཞན་ཚོགས་པ་སྤྱིའི་དོ་དམ་རམ་འདེགས་པ་གསུམ་དང་སློབ་རྭའི་ནང་ཁུལ་གྱི་གསར་འགོད་པ་གཅིག་བཅས་ནང་ཁུལ་ནས་འདེམས་སྐོ་བྱས་ཏེ་བཀྲ་ཤིས་བདེ་ལེགས་ངང་ཁམས་ལྷོའི་ཐོན་མིའི་སློབ་ཚོགས་ཀྱི་དབུ་ཚུགས་ཤིང་ཕུན་སུམ་ཚོགས་པའི་ངང་ཚོགས་འདུ་མཇུག་བསྡུས། 

ཚོགས་གཙོ་རྒན་གཞོན་གསུམ་ནི། ཚོགས་གཙོ་རྒན་པ། སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་བློ་བཟང་ཆོས་དར། ཚོགས་གཙོ་གཞོན་པ་གཉིས་ནི།  སྐབས་ཉེར་གཅིག་པའི་མཐར་ཕྱིན་སློབ་མ་ཨོཾ་ཕུན་ཚོགས་དང་སྐབས་ཉེར་དྲུག་པའི་མཐར་ཕྱིན་སློབ་མ་བློ་བཟང་ཚེ་རིང་། 

རྩོམ་སྒྲིག་ཚན་ཆུང་གི་རྒྱུན་ལས་མི་སྣ་དག་ནི། སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་བསོད་ནམས་དོན་གྲུབ། སྐབས་ཉེ་གཅིག་པའི་མཐར་ཕྱིན་སློབ་མ་བློ་བཟང་མཁས་གྲུབ། སྐབས་ཉེར་གཅིག་པའི་མཐར་ཕྱིན་སློབ་མ་བློ་བཟང་ཡེ་ཤེས། སྐབས་ཉེར་གསུམ་པའི་མཐར་ཕྱིན་སློབ་མ་པདྨ་སྐྱབས། 

ཚོགས་པ་སྤྱིའི་དོ་དམ་རམ་འདེགས་པ་ནི། སྐབས་ཉེར་གཅིག་པའི་མཐར་ཕྱིན་སློབ་མ་བློ་བཟང་བརྩོན་འགྲུས་དང་སྐབས་ཉེར་གཅིག་པའི་མཐར་ཕྱིན་སློབ་མ་བློ་བཟང་ཕུན་ཚོགས། སྐབས་ཉེར་གཉིས་པའི་མཐར་ཕྱིན་སློབ་མ་བློ་བཟང་འཕྲིན་ལས། 

གསར་འགོད་པ། ལི་ཐང་ཨོཾ་ཕུན་ཚོགས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-02-22 ལྟ་ཀློག (518)