རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར།(བཅུ་བཞི་བ) དཔའ་ལུང་ཤེས་རབ་རྒྱ་མཚོ།


རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར།


དཔའ་ལུང་ཤེས་རབ་རྒྱ་མཚོ། (གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཞི་བའི་མཐར་ཕྱིན་སློབ་མ།)

 ༡༩༧༧མཚོ་སྔོན་དཔའ་ལུང་རྫོང་སྟག་ལུང་ཡུལ་ཚོ་ཡ་རོང་སྡེ་བར་སྐྱེས། 

༡༩༨༨ལོར་རྗེ་ཡེ་ཤེས་རྒྱ་མཚོ་མདུན་ནས་རབ་ཏུ་བྱུང་སྟེ་ཨོ་བསྭོ་དགོན་པའི་ཆོས་གྲལ་ཞུགས།

༡༩༩༦ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།

༢༠༠༢ལོའི་ཟླ་བ་བརྒྱད་པར་སློབ་མཐར་ཕྱིན།

༢༠༠༢ལོའི་ཟླ་བ་དགུ་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དཔེ་ཁྲིད་ལ་སོང་།

༢༠༠༤ལོར་རྫོང་དང་ཡུལ་ཚོ་སོགས་ཀྱི་བཀོད་སྒྲིག་ལྟར་བ་ཤིས་སྡེ་བའི་བོད་ཡིག་དགེ་རྒན་གྱི་འགན་ཁུར།

༢༠༠༤.༡༠.༡༣ཉིན་སློབ་གྲྭ་འཛུགས་ཆོག་པའི་ཆོག་མཆན་ཐོབ།

༢༠༠༥.༡༠.༡༣ཉིན་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་དབུ་བརྙེས་མཛད་སྒོ་འཚོགས་པར་མ་ཟད། སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་སུ་མཛད་སྒོར་ཞུགས།

༢༠༠༩ལོའི་ཟླ་བ་བརྒྱད་པར་མ་ཡུམ་སློབ་གྲྭའི་སློབ་དཔོན་རྣམ་གསུམ་གཙོ་བྱས་ཏེ་དགེ་རྒན་གཅོད་པ་སོགས་མཉམ་གཅིག་ཏུ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭར་ཕེབས་ནས་སློབ་གྲྭའི་མགོ་མཇུག་བར་གསུམ་ལ་མཛུབ་སྟོན་དང་བསླབ་བྱ་གལ་ཆེན་གནང་།

༢༠༠༩ལོར་བོད་ཀྱི་ཚད་ལྡན་གྱོན་ཆས་ཐོག་མ་གངས་ལྗོངས་དགའ་ཡ་མཐུན་གཉེར་ཁང་གི་མཛད་སྒོ་བསྡུས།

༢༠༡༤ལོར་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་སྔ་གཞུག་ཏུ་བཟོ་གྲྭར་ཕེབས་ཏེ་ལས་བཟོ་བ་ལྔ་བཅུ་ལྷག་ལ་མཛུབ་སྟོན་དང་གསུང་བཤད་གལ་ཆེན་གནང་།

༢༠༡༣ལོར་མཚོ་ཤར་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལ་བདམས།

༢༠༡༤ལོའི་སློབ་མའི་རྒྱུགས་འབྲས་དང་མང་ཚོགས་ཀྱི་བསྔགས་བརྗོད་ལ་བརྟེན་སྟག་ལུང་ཡུལ་ཚོའི་སློབ་གྲྭ་ཆེ་བ་བཞིའི་ནང་བདམས་ཐོན་བྱུང་།

༢༠༡༥.༣.༡ཉིན་སློབ་གྲྭ་གནས་སྤོར་གྱི་བྱ་བ་ཡོངས་སུ་འགྲུབ་ནས་སློབ་ཁུལ་གསར་བར་གནས་སྤོར་བྱས།

༢༠༡༥.༧.༡༥ཉིན་སློབ་གྲྭ་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་དགའ་སྟོན་མཛད་སྒོ་དང་གནས་སྤོར་མཛད་སྒོ་གཉིས་དཀྱུས་གཅིག་ཏུ་སྤེལ། 

༢༠༡༦ལོར་དཔའ་ལུང་རྫོང་མི་རིགས་སློབ་གསོའི་ལས་དོན་ལྟ་སྐུལ་ཞིབ་དཔྱོད་པར་བདམས།

༢༠༡༦.༣.༡ནས་བཟུང་ས་གནས་སྲིད་གཞུང་གི་དཔོན་ངན་ཁ་ཤས་ཀྱི་བཙན་དང་དབང་ལ་བརྟེན་ཏེ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་ལོ་དྲུག་ཅན་གྱི་སློབ་ཆུང་རིམ་པ་དེར་འགྱུར་བ་མི་གཏོང་ཀ་མེད་བྱུང་།

༢༠༡༦.༡༢.༢༩ཉིན་བོད་ཁུལ་དུས་ཆེན་གྱི་ལེགས་སྐྱེས་ཐོག་མ་དགའ་ཡ་གསོལ་ཇ་དང་དགའ་ཡ་འབྲོག་ཞུན་སོགས་ཚོང་རར་འགྲེམ་སྤེལ་བྱས།

༢༠༡༨.༡.༡༧ཉིན་དགའ་ཡ་ཁོར་སྲུང་ལྷ་དར་ཚོང་རྫས་འགྲེམ་སྤེལ་བྱས།

༢༠༢༠.༣.༡༠ཉིན་གངས་ལྗོངས་དགའ་ཡ་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་བཙུགས་ཆོག་པའི་ཆོག་མཆན་ཐོབ།

༢༠༢༢ལོ་ནས་བཟུང་ཕ་ཡུལ་ཡུལ་སྐོར་རིག་གནས་ལྗོངས་རྒྱུའི་བྱ་བའི་ལས་གཞིར་ཞུགས།

༢༠༠༥ནས་༢༠༡༦བར་ཞིང་ཆེན་དང་ཁུལ་རྫོང་སོགས་གཞུང་སྒེར་གང་རུང་གིས་གནང་བའི་དགའ་རྟགས་དང་དཔང་ཡིག་༦༠ལྷག་ཐོབ།

ཁོས་བཤད་རྒྱུར། འཁོན་འཛིང་དང་ཁོང་ཁྲོའི་ཁྲོད་བྱུང་བའི་བཟོད་སྒོམ་ནི་ལྷད་མེད་ཀྱི་བརྩེ་འབྲས་ཡིན་ལ།གཉའ་གནོན་དང་དར་རྒུད་ལས་བྱུང་བའི་འགྲན་རྩོད་ནི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་ཟེར། 

གསལ་བཤད།  

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རྣམས་འོས་སྦྱོར་བྱེད་ཀྱིན་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་དྲྭ་ཚིགས་རྩོམ་སྒྲིག་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-11-29 ལྟ་ཀློག (1740)