​དབྱིན་ཇིས་མིའི་རིགས་ལ་ལེགས་སྐྱེས་སུ་ཕུལ་བའི་ཆབ་སྲིད་དཔལ་ཡོན་གྱི་ལམ་ལུགས་བཅུ་གཉིས།


དབྱིན་ཇིས་མིའི་རིགས་ལ་ལེགས་སྐྱེས་སུ་ཕུལ་བའི་ཆབ་སྲིད་དཔལ་ཡོན་གྱི་ལམ་ལུགས་བཅུ་གཉིས།

ཡིག་སྒྱུར་བ། སྤྲེལ་ཉི་མ་རྒྱལ་མཚན། 

དང་པོ།   ཁྲིམས་སྐྱོང་། 

སྤྱི་ལོ1215ལོའི་ཟླ་དྲུག་པའི་ཚེས་བཅོ་ལྔ་ལ།   དབྱིན་ཇིས་༼རྩ་ཁྲིམས་ཆེན་མོ༽ཞེས་པ་ཁྱབ་བསྒྲགས་གནང་སྟེ་རྒྱལ་བོ་ནི་ཁྲིམས་འོག་ཏུ་འདུས་པའི་རྩ་དོན་གཏན་ཁེལ་བྱས་ཤིང་།  འདི་ནི་ཁྲིམས་སྐྱོང་གི་འབྱུང་ཁུངས་ཡིན་ལ།  དེ་ནས་བཟུང་ཁྲིམས་སྐྱོང་ནི་མིའི་རིགས་ཀྱི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བའི་སྙིང་བོར་གྱུར།  

གཉིས་པ།  རང་དབང་།  

སྤྱི་ལོ1644ལོར།  ཆིང་རྒྱལ་རབས་ཀྱི་སྲིད་ལོ་དང་པོར།  དབྱིན་ཇིས་༼དཔེ་སྐྲུན་གྱི་རང་དབང་སྐོར་གླེང་བ༽ཞེས་པའི་དེབ་ཅིག་པར་སྐྲུན་བྱས་ཤིང་།  པར་སྐྲུན་རང་དབང་ཞེས་པའི་རླབས་ཆེ་བའི་བསམ་བློ་ཐོག་མར་བཏོན།    འདི་ནི་སྨྲ་བརྗོད་རང་དབང་དང་གསར་འགྱུར་རང་དབང་གི་འབྱུང་ཁུངས་ཡིན་ལ།   དེ་ནས་བཟུང་རང་དབང་ནི་མིའི་རིགས་ཀྱི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བའི་སྙིང་བོར་གྱུར།  

གསུམ་པ།  དམངས་གཙོ།  

སྤྱི་ལོ1689ལོའི་ཟླ་བཅུ་བར།  གོང་མ་ཁང་ཞི་དགུང་ལོ་སོ་བཞིའི་སྐབས།  དབྱིན་ཇིས་༼ཁེ་དབང་གི་ཁྲིམས་གཞི༽ཞེས་པ་ཁྱབ་བསྒྲགས་གནང་སྟེ། རྒྱལ་བོ་དང་རྩ་ཁྲིམས་གཉིས་ལྡན་གྱི་སྲིད་དབང་ལམ་ལུགས་ཀྱི་རྣམ་པ་གཏན་ཁེལ་བྱས་ཤིང་།   འདི་ནི་དེང་རབས་དམངས་གཙོའི་འབྱུང་ཁུངས་ཡིན་ལ།   དེ་ནས་བཟུང་དམངས་གཙོ་ནི་མིའི་རིགས་ཀྱི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བའི་སྙིང་བོར་གྱུར།  

བཞི་བ།  འདྲ་མཉམ།

སྤྱི་ལོ1689ལོའི་ཟླ་བཅུ་བར།  དབྱིན་ཇིས་༼གུ་ཡངས་ཁྲིམས་གཞི༽ཞེས་པ་ཁྱབ་བསྒྲགས་གནང་ཞིང་།  དཀོན་མཆོག་གི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་རྩ་དོན་གཏན་ཁེལ་བྱས་ལ།  འདི་ནི་འདྲ་མཉམ་གྱི་འབྱུང་ཁུངས་ཡིན་ལ།   དེ་ནས་བཟུང་འདྲ་མཉམ་ནི་མིའི་རིགས་ཀྱི་ཡོངས་ཁྱབ་ཀྱི་རིན་ཐང་ལྟ་བའི་སྙིང་བོར་གྱུར།  

ལྔ་བ།  དབང་ཆ་བགོ་བ།  

སྤྱི་ལོ1690ལོར།  གོང་མ་ཁང་ཞི་དགུང་ལོ་སོ་ལྔའི་སྐབས།   དབྱིན་ཇིས་ལོའོ་ཁུ་洛克ཡི༼སྲིད་གཞུང་གི་རྣམ་བཤད༽ཅེས་པ་པར་སྐྲུན་བྱས།  དེབ་འདིའི་ནང་སྐད་གྲགས་ཅན་གྱི་དབང་ཆ་ཁག་བགོས་ཀྱི་གཞུང་ལུགས་ཞེས་པ་བཏོན་ཡོད་ཅིང་།  རྗེས་སུ་གཞུང་ལུགས་འདི་མེང་ཏེ་སི་ཅིའུ་孟德斯鸠ཡིས་རྒྱ་ཁྱབ་ཏུ་སྤེལ།   འདི་ནི་དབང་གསུམ་ལོགས་འབྱེད་三权分立ཀྱི་འབྱུང་ཁུངས་ཡིན།

དྲུག་པ།  རང་སྐྱོང་།

དབྱིན་ཇིའི་ས་གནས་རང་སྐྱོང་ནི་སྤྱི་ལོ་དུས་རབས་བཅུ་བ་ནས་དར་བ་ཡིན་ཞིང་།  ཡུན་རིང་གི་ལོ་རྒྱུས་ལྡན་ལ།  དབྱིན་ཇི་ནི་དེང་རབས་༼ས་གནས་རང་སྐྱོང་༽ལམ་ལུགས་ཀྱི་འབྱུང་ཁུངས་དང་དཔེ་མཚོན་འཐུས་ཚབ་ཡིན་ཞིང་།   དབྱིན་ཇིའི་མིས་ས་གནས་ཚོ་བ་ནི་རྒྱལ་ཁབ་ཀྱི་སྔོན་དུ་གནས་ལ། ས་གནས་རང་སྐྱོང་ནི་མིའི་ལྷན་སྐྱེས་ཀྱི་དབང་ཆ་ཡིན་པར་འདོད་ཅིང་། རྒྱལ་ཁབ་ཀྱིས་ཐེ་གཏོགས་བྱེད་མི་འོས་པ་མ་ཟད་ད་དུང་སྲུང་སྐྱོང་བྱེད་དགོས་ཤིང་།    འདི་ནི་༼མི་དམངས་རང་སྐྱོང་༽གི་འབྱུང་ཁུངས་ཡིན།  

བདུན་པ།  སྲིད་གཙང་།  

སྤྱི་ལོ1693ལོར།  གོང་མ་ཁང་ཞི་ལོ་དགུང་ལོ་སོ་བརྒྱད་ཀྱི་སྐབས།  དབྱིན་ཇིས་གཞུང་ཞབས་པའི་རྒྱུ་ནོར་སྤྱི་བསྒྲགས་བྱེད་པ་ཁྱབ་སྤེལ་བྱས་ཤིང་།  ད་བར་དུ་ཏག་ཏག་ལོ་ངོ་310འདས་ཟིན།  

འདི་ནི་དེང་རབས་༼ཉི་འོད་ཁྲིམས་དོན་གྲོས་གཞིའི《阳光法案》༽འབྱུང་ཁུངས་ཡིན།

བརྒྱད་པ།  བཟོ་ལས་གསར་བརྗེ།  

སྤྱི་ལོ1765ལོར།  གོང་མ་ཆན་ལུང་དགུང་ལོ་ང་བཞིའི་སྐབས།  དབྱིན་ཇིས་བཟོ་ལས་གསར་བརྗེ་མགོ་བརྩམས།  ཀྲིན་ཉི་སྐུད་འཁེལ་འཕྲུལ་འཁོར་དང་།  ཝ་ཐི་ལེགས་བཅོས་རླངས་སྒུལ་འཕྲུལ་འཁོར་བྱུང་། འདི་ནི་དེང་རབས་༼བཟོ་ལས༽ཀྱི་འབྱུང་ཁུངས་ཡིན་ལ།  དེ་ནས་བཟུང་དབྱིན་ཇི་འཛམ་གླིང་སྟེང་གི་བཟོ་ལས་རྒྱལ་ཁབ་ཐོག་མ་རུ་གྱུར།  

དགུ་བ།   ཚོང་རའི་དཔལ་འབྱོར།  

སྤྱི་ལོ1776ལོར།  གོང་མ་ཆན་ལུང་དགུང་ལོ་རེ་ལྔའི་སྐབས།  དབྱིན་ཇིས་༼རྒྱལ་ཕྱུག་སྨྲ་བ༽ཞེས་པ་པར་དུ་བསྐྲུན་ཞིང་།  ཡ་ཏང་སི་མི་亚当斯密ཡིས་༼མི་མངོན་པའི་ལག་པ་༽ཞེས་པའི་མིང་དུ་གྲགས་པའི་གཞུང་ལུགས་བཏོན་ལ། དེ་ནས་བཟུང་དབྱིན་ཇི་འཛམ་གླིང་སྟེང་གི་རང་དབང་ཚོང་རའི་དཔལ་འབྱོར་རྒྱལ་ཁབ་ཐོག་མ་རུ་གྱུར།  

བཅུ་བ།  གྲོས་ཚོགས་ལམ་ལུགས།  

སྤྱི་ལོ1861ལོར།  དབྱིན་ཇིས་མོའུ་ལི་穆勒ཡི་༼ཚབ་གྲོས་ལམ་ལུགས་སྲིད་གཞུང་གླེང་བ་༽ཞེས་པ་པར་དུ་བསྐྲུན་ཞིང་།  སྤྱི་ལོ1714ལོར་བཙུགས་པའི་གྲོས་ཚོགས་ལམ་ལུགས་ཀྱི་གཞུང་ལུགས་དེ་ཇེ་ལེགས་སུ་བཏང་།

འདི་ནི་དེང་རབས་༼གྲོས་ཚོགས་ལམ་ལུགས་༽ཀྱི་འབྱུང་ཁུངས་ཡིན་ཞིང་།  དེང་གི་འཛམ་གླིང་སློབ་ཆེན་སློབ་མའི་རྩོད་པའི་འགྲན་བསྡུར་གྱི་རྣམ་པ་ནི་དབྱིན་ཇིའི་གྲོས་ཚོགས་ལ་ལད་མོ་བྱས་པ་ཡིན་ལ།   དེ་ནས་བཟུང་དབྱིན་ཇི་འཛམ་གླིང་སྟེང་གི་གྲོས་ཚོགས་ལམ་ལུགས་ཀྱི་རྒྱལ་ཁབ་ཐོག་མ་རུ་གྱུར།

བཅུ་གཅིག་པ།  སྲིད་ཤོག་(ཏང)ལམ་ལུགས།

སྤྱི་ལོ1832ལོར།  དབྱིན་ཇིས་འདེམས་བསྐོའི་བསྒྱུར་བཅོས་བྱས་ཤིང་།  འདིས་སྤྱི་ལོ1688ལོར་གཟི་བརྗིད་ལྡན་པའི་གསར་བརྗེ་བྱུང་ཚུན་གྱི་སྲིད་ཤོག་ལམ་ལུགས་འཐུས་ཚང་དུ་ཕྱིན་པ་མཚོན་ལ། སྲིད་ཤོག་གཉིས་ཀྱི་ལམ་ལུགས་དེ་སྲིད་ཤོག་བར་གྱི་ལྟ་སྐུལ་ཚོད་འཛིན་སྟེང་བཙུགས་ཤིང་།   སྲིད་དབང་བཟུང་མེད་པའི་སྲིད་ཤོག་དང་སྲིད་འཛིན་སྲིད་ཤོག་བར་གྱི་འགྲན་རྩོད་ཀྱིས་སྲིད་ཤོག་གཅིག་གིས་སྲིད་དབང་སྒེར་འཛིན་བྱེད་པ་དང་།  དབང་ཆ་སྒེར་སྡེམ་བྱེད་པ་མེད་པ་བཟོས་ཤིང་།   འདི་ནི་སྲིད་ཤོག་གཉིས་ལམ་ལུགས་ཀྱི་འབྱུང་ཁུངས་ཡིན་ལ།   དེ་ནས་བཟུང་དབྱིན་ཇི་འཛམ་གླིང་སྟེང་གི་སྲིད་ཤོག་ལམ་ལུགས་བཙུགས་པའི་རྒྱལ་ཁབ་ཐོག་མ་རུ་གྱུར།  

བཅུ་གཉིས་པ།  གཞུང་ཞབས་པའི་ལམ་ལུགས།

སྤྱི་ལོ1870ལོའི་ཟླ་བ་དྲུག་པའི་ཚེས་བཞི་ལ།  དབྱིན་ཇི་སྲིད་གཞུང་གིས་མངོན་གསལ་འགྲན་རྩོད་རྒྱུགས་ལེན་ལམ་ལུགས་ཀྱི་གསང་བའི་དཀའ་རྒྱ་ཁྱབ་བསྒྲགས་བྱས་ཤིང་།  གཞུང་ཞབས་པའི་ལམ་ལུགས་དངོས་སུ་གཏན་འཁེལ་བྱས་ལ།  འདི་ནི་དེང་རབས་༼གཞུང་ཞབས་པའི་༽ལམ་ལུགས་ཀྱི་འབྱུང་ཁུངས་ཡིན་ཞིང་། དེ་ནས་བཟུང་དབྱིན་ཇི་འཛམ་གླིང་སྟེང་གི་དེང་རབས་གཞུང་ཞབས་པའི་ལམ་ལུགས་བཙུགས་པའི་རྒྱལ་ཁབ་ཐོག་མ་རུ་གྱུར།  



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-11-07 ལྟ་ཀློག (630)