སློབ་གླིང་གསར་འགྱུར། གཟའ་ཕུར་བུའི་དམ་བཅའ་ཆེན་མོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དམ་བཅའ་ཆེན་མོ་ནི་གཟའ་འཁོར་རེ་རེའི་གཟའ་ཕུར་བུའི་ཕྱི་དྲོར་ཤེས་རིག་འགྲན་གླེང་དང་རེས་མོས་སུ་འཁོར་བཞིན་ཡོད་ཅིང་།  འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཐུན་མོང་མ་ཡིན་པའི་བོད་རང་གི་སློབ་གསོའི་བྱེད་ཐབས་ཀྱི་བྱ་འགུལ་གྱི་རྣམ་གྲངས་མང་བོ་ཞིག་ཡོད་པའི་ནང་གི་སློབ་གསོའི་བྱ་འགུལ་ཆེས་གལ་ཆེན་ཞིག་ཡིན་པ་དང་།  དགེ་སློབ་ཡོངས་མཉམ་དུ་འཚོགས་པའི་སྟེང་དུ་འཛིན་གྲྭ་གོང་འོག་གི་འགྲན་ཞུགས་པ་རྣམས་སྔ་རྒོལ་དང་ཕྱི་རྒོལ་གཉིས་སུ་ཕྱེས་ནས་བསྡུས་གྲྭའི་རིགས་ལམ་གྱི་འགྲོས་ལྟར་འགྲན་ཞུགས་པ་སོ་སོའི་རྩོད་པའི་རྣམ་དཔྱོད་དང་དམ་བཅའ་ལ་བརྟེན་ནས་རིགས་པའི་ཤགས་འགྱེད་གནང་བ་དང་།  དགེ་རྒན་རྣམས་ཀྱིས་འགྲན་ཞུགས་པ་སོ་སོའི་རྩོད་པའི་ཉམས་འགྱུར་དང་།  རིགས་ལམ་གྱི་བྱང་ཆ།  གོ་རྒྱ་ཡི་ཟབ་ཚད།  སྤོབས་པའི་ཟིལ་ཤུགས་སོགས་ལ་དམིགས་ནས་སྐར་གྲངས་སྟེར་བཞིན་ཡོད།  སློབ་གསོའི་ཐབས་ལམ་འདི་ལ་བརྟེན་ནས་སློབ་མ་རྣམས་ཀྱི་རིགས་ལམ་ཕྱེ་བ་དང་།  གོ་བ་བསྐྱེད་པ།  སྤོབས་པ་དང་སྨྲ་ལྕེ་སྦྱོང་བ། རང་རྟོགས་ཀྱིས་གནས་གང་ལའང་བརྡར་ཤ་གཅོད་ཐུབ་པ། ལྷག་པར་ཏུ་སྐབས་བབ་ཀྱི་སྦྱང་བྱ་དག་ལ་གོ་བ་མཐའ་ཆོད་པར་བསྐྱེད་པ་སོགས་དགེ་མཚན་ཆེན་པོ་ཐོན་བཞིན་ཡོད།།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-09-15 ལྟ་ཀློག (456)