སློབ་གླིང་གསར་འགྱུར། སློབ་དཔོན་རིན་པོ་ཆེའི་གསུང་རྩོམ་ཤེས་རིག་གླིང་དུ་འབྱོར།

   ༢༠༢༣ལོའི་སྤྱི་ཟླ་༨ཚེས་༢ཉིན་ཉེ་ཆར་གསར་ལམ་ཁག་ཏུ་སྐད་གྲགས་ཆེ་བའི་སློབ་དཔོན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གི་གསུང་རྩོམ་དེ་ཁོང་གིས་མི་ལོ་སུམ་ཅུར་ཉེ་བ་ཞིག་ལ་བླ་མེད་ཀྱི་མཛད་འཕྲིན་སྐྱོང་སའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འབྱོར་ཞིང་།  སློབ་གླིང་འདིའི་དགེ་རྒན་ཕལ་མོ་ཆེ་ནི་ཁོང་གིས་གསུང་གིས་གཅེས་པར་བསྐྱངས་པ་ཤ་སྟག་ཡིན་པས། དགེ་སློབ་ཡོངས་ཀྱིས་མཉམ་དུ་གསུང་དེབ་འགྲེམ་སྤེལ་གནང་སྟེ་ལྷད་མེད་པའི་བླ་སློབ་ཀྱི་དམ་ཚིག་དང་དགའ་དད་མཚོན་པར་བྱས་པར་མ་ཟད།   གཞན་དང་མི་གཅིག་པ་ཞིག་ནི་ཁོང་གི་མདུན་ནས་དངོས་སུ་གསུང་རྩོམ་འདིའི་ཁྲིད་རྒྱུན་ཕལ་ཆེ་བ་ཐོབ་མྱོང་བས། ཚེ་འདིའི་དད་རྟེན་དུ་ཡུན་རིང་རེ་སྒུག་ཆེ་བའི་གསུང་རྩོམ་རིན་ཐང་ཅན་འདི་བླུ་བར་འཚང་ཁ་ཤིག་ཤིག་བྱུང་། 








རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-09-02 ལྟ་ཀློག (4114)