སློབ་གླིང་གསར་འགྱུར། ཤེས་རིག་གླིང་གི་སློབ་འགོ་རྩོམ་པའི་སློབ་ཐུན་དང་བོ།

༢༠༢༣ལོའི་སྤྱི་ཟླ་༨ཚེས་༣༡ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་འགོ་རྩོམ་པའི་སློབ་ཐུན་དང་བོ་འཚོགས་ཤིང་།  སློབ་གཙོ་དགེ་རྒན་གཅོད་པ་ཚེ་རིང་ལགས་ཀྱིས་སློབ་འགོ་རྩོམ་པའི་སློབ་ཐུན་དང་བོ་དང་འབྲེལ་ནས་གོང་རིམ་གྱི་ཡིག་ཆ་དག་གི་དགོངས་དོན་ཁ་གསལ་གཏིང་ཟབ་ངང་གསལ་འགྲེལ་གནང་བར་མ་ཟད། དགེ་སློབ་ཡོངས་ཀྱི་བདེ་འཇགས་དང་སློབ་གསོའི་ཕྱོགས་ནས་རེ་བ་ནན་མོ་བཏོན།  སློབ་སྟོན་ཁང་གི་འགོ་བ་དགེ་རྒན་གྱི་ལིང་འཇིགས་མེད་དང་། སྤྱི་གཉེར་ཁང་གི་སློབ་གཙོ་གཞོན་པ་དགེ་རྒན་རྔ་བ་དར་རྒྱས།  སློབ་སྲིད་ཁང་གི་སློབ་གཙོ་གཞོན་པ་དགེ་རྒན་གཙུག་ཕུད་རྒྱ་མཚོ་སོགས་ཀྱིས་ཀྱང་སློབ་མའི་ལུས་སེམས་ཀྱི་བདེ་འཇགས་དང་སློབ་སྦྱོང་གི་གལ་ཆེན་རང་བཞིན་དང་འབྲེལ་ནས་གསུང་བཤད་རིན་ཐང་ཅན་གནང་སྟེ་ཐེངས་འདིའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་འགོ་ཚུགས་པའི་སློབ་ཐུན་དང་བོའི་ཁྲོད་དགེ་སློབ་ཡོངས་ལ་བསམ་བློའི་ངེས་ཟིན་གསར་བ་ཐོབ་སྟེ་མཇུག་བསྡུས། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-08-31 ལྟ་ཀློག (1260)