བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཤ་སྦྲང་ནག་བཟའ་སྡེ་བར་ཆིབས་བསྒྱུར་གནང་།


༢༠༢༣ལོའི་སྤྱི་ཟླ་༨ཚེས་༡༦ཉིན་ནག་བཟའ་སྡེ་བའི་ཕ་ཁྱིམ་བདག་སྐྱོང་ཚོགས་པས་གཙོ་སྒྲུབ་མཛད་པའི་ཕ་ཁྱིམ་རྟགས་མའི་ཡུལ་མི་ལྷན་འཛོམས་སྐབས་གསུམ་པ་གཟབ་རྒྱས་ངང་འཚོགས་ཤིང་།  སྡེ་བའི་སྤྱི་འབངས་ཡོངས་ཀྱི་རེ་བ་དང་།  སྡེ་བའི་ཤེས་ཡོན་པ་རྣམས་ཀྱི་སྣེ་ཁྲིད། རྒན་པོ་ཤེས་རྒྱ་ཅན་དག་གི་རྒྱབ་སྐྱོར།  སྡེ་བའི་རྩ་འཛུགས་རིམ་པའི་འགན་ལེན་ལ་བརྟེན་ནས་ལོ་ངོ་མང་བོར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་བཞིན་ཐེངས་འདིར་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཆིབས་བསྒྱུར་གནང་ནས་ཕ་ཡུལ་གྱི་སློབ་མ་གཙོས་པའི་ཡུལ་མི་རྒན་གཞོན་ལྔ་བརྒྱར་ཉེ་བ་ལ་རིན་ཐང་བྲལ་བའི་གསུང་བཤད་ཞིབ་རྒྱས་བསྩལ་བ་དང་།   ད་ལོའི་ཕ་ཁྱིམ་རྟགས་མའི་དངུལ་གྱི་བྱ་དགའ་ཕ་ཡུལ་ལ་བྱས་པ་ཆེ་བའི་དགེ་སློང་འདུལ་བ་འཛིན་པ་ལུང་རིགས་རྒྱ་མཚོ་ལགས་ལ་ཐོབ་ཅིང་། སྦྱངས་འབྲས་གཡུར་དུ་ཟ་བའི་སློབ་མ་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་ཕུལ་ནས་མཇུག་ལེགས་པར་བསྡུས། 





རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-08-17 ལྟ་ཀློག (1642)