​འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་སྐབས་ལྔ་བའི་སློབ་གྲོགས་ལྷན་འཛོམས།

འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་སྐབས་ལྔ་བའི་སློབ་གྲོགས་ལྷན་འཛོམས།      

༢༠༢༣ལོའི་སྤྱི་ཟླ་༧ཚེས་༣༠ ཉིན་འབའ་ཡུལ་ཐོན་མིའི་སློབ་ཚོགས་ཀྱི་སློབ་གྲོགས་ལྷན་འཛོམས་སྐབས་ལྔ་བ་འབའ་ཡུལ་ཁྱུང་ཆེན་གླིང་དུ་འཚོགས་ཤིང་།  ཚོགས་གཙོ་མགོན་པོ་རྒྱལ་གྱིས་སློབ་ཚོགས་ཀྱི་བྱ་བའི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་། ཚོགས་གཞོན་བློ་བཟང་ཆོས་གྲགས་ཀྱིས་ཚོགས་དངུལ་གྱི་གནས་ཚུལ་དང་རྩིས་ཐོ་གསལ་བསྒྲགས་གནང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་སྤྱིའི་རྒྱུན་ལས་ཚོགས་གཙོ་འབའ་སྣང་གྲོལ་གྱིས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྤྱིའི་སློབ་ཚོགས་དང་ས་གནས་སོ་སོའི་སློབ་ཚོགས་བར་གྱི་འབྲེལ་ལམ་དང་ཁ་ཕྱོགས་ཀྱི་ཐད་ནས་གཏམ་བཤད་གནང་།  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སློབ་ཚོགས་ཀྱི་དགེ་མཚན་དང་མ་འོངས་པའི་ཁ་ཕྱོགས་ལ་གྲོས་གཞི་བཏོན།   སློབ་གྲོགས་རྒན་པ་དག་གིས་རང་མོས་ཀྱིས་རང་རང་གི་བསམ་ཚུལ་སྣ་ཚོགས་གླེང་ནས་སློབ་ཚོགས་ཀྱི་ཡིག་ཚགས་དོ་དམ་དང་།  མ་དངུལ་བསྡུ་གཏོང་། སྐྱིད་སྡུག་མཉམ་མྱོང་།  མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་གནས་བྱེད་ཚུལ་སོགས་སློབ་ཚོགས་ཀྱི་ཕྱོགས་མང་བོ་ནས་བགྲོ་གླེང་དང་གྲོས་གཞི་གལ་ཆེ་བ་མང་བོ་གནང་སྟེ་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས།  

 

མཉམ་དུ་གྲོས་གཞི་འདོན་བཞིན་པ། 

 

ལྷན་འཛོམས་མཉམ་པར། 

གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-07-30 ལྟ་ཀློག (1630)