ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་སྐབས་བདུན་པ་གཟབ་རྒྱས་ངང་འཚོགས།

ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་སྐབས་བདུན་པ་གཟབ་རྒྱས་ངང་འཚོགས། 


   ༢༠༢༣ལོའི་སྤྱི་ཟླ་༧ཚེས༣ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཚོ་སྔོན་ཞིང་ཆེན་དགེ་ལས་སྤྱིའི་ཚོགས་པ་ཐོན་མི་སཾ་བྷོ་ཊ་རོགས་སྐྱོར་ཐེབས་རྩའི་རྒྱུན་ལས་ཚོགས་ཆེན་སྐབས་བདུན་པ་གཟབ་རྒྱས་ངང་སློབ་གླིང་དུ་འཚོགས།  ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་། སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ།  དགེ་རྒན་དཔལ་བཟང་། དྲུང་ཡིག་ཆེན་མོ་ཚེ་རིང་དོན་གྲུབ། བློ་བཟང་ཉི་མ། བཟོད་པ་བཟང་བོ། དྲུང་ཡིག་པ་གངས་རི་རྒྱལ་མཚན་སོགས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཆེས་མཐོའི་དབུ་བཞུགས་ལྷན་ཚོགས་གཙོས་པའི་རྒྱུན་ལས་མི་སྣ་བཞི་བཅུ་ལྷག་ཚོགས་འདུར་ཞུགས་ཤིང་།  ཚོགས་ཐོག་ཏུ་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་འཕྲིན་ལས་ཉི་མ་ལགས་ཀྱིས་ཚོགས་འདུར་འགོ་འཛིན་མཛད་ཅིང་། ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་འབའ་སྣང་གྲོལ་ལགས་ཀྱིས་སློབ་ཚོགས་ཀྱི་མ་འོངས་པའི་ལས་དོན་ཐད་ལ་བྱ་བའི་གྲོས་གཞི་སྙན་ཞུ་ཕུལ་བ་དང་། ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་འཕྲིན་ལས་ཉི་མ་ལགས་ཀྱིས་སློབ་ཚོགས་ཀྱི་བཅའ་ཡིག་སྒྲོག་འདོན་གནང་སྟེ་སྙན་ཞུ་ཕུལ། ཐོན་མིའི་སློབ་ཚོགས་ཀྱི་རྩིས་གཉེར་བ་བསོད་རབ་ལགས་ཀྱིས་སློབ་ཚོགས་ཀྱི་རྩིས་ཐོ་ཞིབ་གསལ་ངང་གསལ་བསྒྲགས་བྱས།  ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་མི་སྣ་སོ་སོས་སློབ་ཚོགས་ཀྱི་ལས་དོན་ཐད་ལ་བསམ་ཚུལ་གལ་ཆེན་ཞུས། མཇུག་ཏུ་དགེ་རྒན་རྣམ་པས་བཀའ་སློབ་ལམ་སྟོན་གཟབ་རྒྱས་གནང་སྟེ་སློབ་ཚོགས་ཀྱི་ལས་དོན་མང་བོ་ཞིག་ལ་གྲོས་ཐག་བཅད།  མཐར་སློབ་ཚོགས་ཀྱི་བྱ་བར་ནུས་པ་ཐོན་པའི་ཕུལ་བྱུང་རྒྱུན་ལས་དང་ཤེས་རིག་དཔར་ཁང་གི་འགན་འཛིན་པ་སོགས་ལ་གཟེངས་བསྟོད་ཀྱི་བྱ་དགའ་ཕུལ་ཏེ་ཚོགས་འདུ་བདེ་བླག་ངང་མཇུག་བསྒྲིལ།

 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-07-04 ལྟ་ཀློག (2751)