སློབ་གླིང་གསར་འགྱུར། སྔོ་སྨན་ངོས་འཛིན་དུ་བསྐྱོད་པ།

  སློབ་གླིང་གསར་འགྱུར།

                  2023/6/24                 

      ལོ་རེའི་འཆར་ཅན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་པར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་ལུགས་གསོ་རིག་ཆེད་སྦྱོང་འཛིན་གྲྭ་གསུམ་གྱི་སློབ་མ་ཡོངས་དགེ་རྒན་རྣམས་ཀྱིས་སྣེ་ཁྲིད་ནས་ལམ་ལ་ཆས་ཤིང་། མཚོ་ངོས་ལས་སྨིད་༤༢༠༠ཡོད་པའི་རྫ་རི་དང་སྤང་རི་སོགས་རི་ཀླུང་ཤོད་གསུམ་དུ་སྔོ་སྨན་རིགས་མི་འདྲ་བ་མང་བོའི་ངོས་འཛིན་དང་འདྲ་དཔེ། ཕན་ནུས་སོགས་རེ་རེ་བཞིན་ངོ་སྤྲོད་གནང་བ་དང་།   སློབ་མ་རྣམས་ཀྱིས་དགེ་རྒན་གྱི་གསུང་བཤད་དག་རེ་རེ་ཟིན་བྲིས་སུ་ཕབ་སྟེ།  ཉིན་གཅིག་གི་དུས་ཡུན་ལ་རྩི་ཤིང་སྨན་སྣ་མང་པོའི་ཐུན་མིན་གྱི་ངོས་འཛིན་སོགས་བློ་སྐྱེད་མི་ཉུང་བ་ཐོབ། མཐར་དགེ་སློབ་ཡོངས་དགའ་སྤྲོ་དང་བཅས་ཏེ་བདེ་ལེགས་ངང་སློབ་གྲྭར་འབྱོར།   

  གསར་འགོད་པ།   རུ་ཡོང་རྨ་ཤུལ། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-06-25 ལྟ་ཀློག (2053)