བུད་མེད་རྩོམ་པ་བོ་འཆི་མེད་ལགས་ཀྱིས་རྩྭ་ཐང་བུ་མོའི་སློབ་གྲྭར་རྩོམ་རིག་སྐོར་ནས་འཆད་ཁྲིད་གནང་།

༄༅།། རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

2023.6.18

 ཉིས་སྟོང་ཉེར་གསུམ་ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་དེང་རབས་བོད་ཀྱི་བུད་མེད་རྩོམ་པ་བོ་གྲགས་ཅན་རྒན་འཆི་མེད་(པདྨ་མཚོ)ལགས་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ལྕམ་སྲིང་ལྷུག་རྩོམ་ཐད་ཀྱི་མུ་འབྲེལ་གདན་ཞུའི་ཆེད་མཁས་དགེ་རྒན་ལ་ཆེད་དུ་གདན་འདྲེན་ཞུས་པ་བཞིན། ངེད་སློབ་གྲྭར་ཕེབས་ནས་སྐད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་ཡོངས་ལ། དགེ་རྒན་ཁོང་གིས་མི་ལོ་སོ་བཞིའི་རིང་དགེ་རྒན་གྱི་ཕྱག་ལས་གཉེར་བའི་སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་དང་། སྲོལ་རྒྱུན་སློབ་གསོའི་དགོངས་དོན་ཕྱག་ལེན་གནང་བའི་སློབ་གསོའི་དམིགས་ཡུལ་དང་ཁ་ཕྱོགས་ཐད་སེམས་ཀྱི་བདུད་རྩི་ལྟ་བུའི་གསུང་བཤད་རྒྱས་པར་བསྩལ། མ་ཟད་སློབ་གྲྭའི་རྒྱས་འཛོམས་ཚོམས་ཆེན་ནས་དགེ་སློབ་ཡོངས་ལ་རང་གི་མི་ཚེའི་མྱོང་བ་དང་འབྲེལ་བའི་རྩོམ་རིག་གསར་རྩོམ་སྐོར་དང་། དགེ་རྒན་ཁོང་གི་ལྷུག་རྩོམ་༼ལྷམ་༽ཞེས་པ་འགྲེལ་བཤད་བྱས་ཤིང་། ལྷུག་རྩོམ་འདིའི་ནང་དུ་མི་རབས་ཤིག་གི་དཀའ་སྡུག་གི་ལོ་ཟླ་དང་གོད་ཆག་ལྷམ་གྱིས་བྲིས་ཏེ་དུས་རབས་དེའི་མི་རྣམས་ཀྱི་ཐུན་མོང་གི་དྲན་པ་གསོས་ཡོད་པས།  བརྗོད་དོན་རེ་རེས་དགེ་སློབ་ཡོངས་སེམས་འགུལ་ཐེབས་ཏེ་དབང་མེད་མིག་ཆུ་ལྷུང་།  

       མཐར་དགེ་རྒན་ལགས་ཀྱི་སྐུ་ཚེ་བརྟན་ཞིང་འཚོ་བ་ལ་སྐྱིད་ཀྱི་དགེ་མཚན་འབྱུང་བ་དང་མཛད་འཕྲིན་སྔར་ལས་རྒྱས་པའི་སྨོན་འདུན་སྙིང་ནས་ཞུ། 


 




གསར་འགོད་པ། དཀར་མོ་ཡེ་ཤེས་ཀྱིས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-06-20 ལྟ་ཀློག (7820)