སློབ་གླིང་གསར་འགྱུར། ༢༠༢༣ལོའི་རི་འཛེགས་བྱ་འགུལ།

རི་འཛེགས་བྱ་འགུལ། 
2023\6\17

  དེ་རིང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་སློབ་ཡོངས་ལོ་རེའི་འཆར་ཅན་ལྟར་ཁྱུང་སྐོར་དུ་སོང་ནས་རི་འཛེགས་བྱ་འགུལ་སྤེལ་ཅིང་།   རི་འཛེགས་བྱ་འགུལ་འདི་སྤེལ་བ་ལ་བརྟེན་ནས་དགེ་སློབ་ཡོངས་སློབ་རའི་ནང་དུ་ཡུན་རིང་བསྡད་པའི་ངལ་དུབ་སེལ་ནས་སེམས་ཁམས་བདེ་ཐང་ཡོང་བ་དང་།  རང་བྱུང་ཁམས་དང་མིའི་བར་གྱི་བརྩེ་དུང་གསོ་སྐྱོང་།   སློབ་སྦྱོང་ནི་དཔེ་ངོས་ཙམ་མ་ཡིན་པར་ལག་ལེན་གྱི་འཚོ་བའི་ཁྲོད་དངོས་སུ་སྦྱོང་དགོས་པ་དང་།        ཁྱད་པར་དུ་ཀྱག་ཀྱོག་ཆེ་བའི་ལམ་ཕྲན་དང་གཡང་གཟར་ཆེ་བའི་ལ་ལུང་རེ་རེ་བརྒལ་ནས། དབྱར་གཞུང་གི་ཕང་བ་ནས་དགེ་སློབ་ཡོངས་ཀྱིས་རང་བྱུང་ཁམས་ཆེན་མོའི་དྲོད་འཇམ་དང་བརྩེ་བ་ཡོངས་སུ་རོལ་མྱོང་ཐེངས་གཅིག་བྱས་པར་མ་ཟད།  ལམ་ཀྱི་དགོད་སྒྲ་དང་ངལ་དུབ། གཡང་གཟར་དང་གློ་བུར་བའི་དྲག་ཆར། རི་ཆུའི་མཛེས་ལྗོངས་སོགས་རེ་རེ་བརྒྱུད་ནས་མི་ཚེ་ནི་འདི་དང་འདྲ་བས་ཕུགས་ཀྱི་དོན་ལ་ཞུམ་པ་མེད་པར་མདུན་དུ་བསྐྱོད་དགོས་པའི་དཔེ་སྟོན་བྱས། ལམ་སྐབས་སོ་སོ་ནས་ངལ་གསོས་ཏེ་འཛིན་གྲྭ་ཁག་གིས་རྩེད་མོའི་འཁྲབ་སྟོན་སྣ་ཚོགས་བྱས་པས།  དགེ་སློབ་ཡོངས་དབྱར་གཞུང་གི་ཕང་བ་ནས་སྔར་མེད་པའི་སྤྲོ་སྣང་དང་མྱོང་ཚོར་ཟབ་མོས་ཡོངས་སུ་ཁྱབ། 









 



གསར་འགོད་པ།  འབའ་སྣང་གྲོལ། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-06-17 ལྟ་ཀློག (1057)