​སློབ་གླིང་གསར་འགྱུར། ༢༠༢༣ལོའི་ཐ་སྙད་འགྲན་སྡུར་སྐབས་ཉེར་དགུ་བ།

སློབ་གླིང་གསར་འགྱུར། 

   ངེད་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་ཐ་སྙད་འགྲན་སྡུར་སྐབས་ཉེར་དགུ་བ་གླིང་སྟོད་ཀྱི་དཔེ་མཛོད་ཁང་དུ་འཚོགས་ཤིང་། འགྲན་ཞུགས་སློབ་མ་ཚང་མས་གཅིག་ལས་གཅིག་ལྷག་ངང་འགྲན་རྩོད་ཆེན་པོ་བྱས་པས་རྒྱལ་ཕམ་གྱི་རྟིང་ཐག་གཅོད་དཀའ་བ་བྱུང་། 

    མཐར་ཐེངས་སྔོན་མའི་ཟིན་ལོ་ལས་ཐེངས་དྲུག་བརྒལ་རྗེས་གཞི་ནས་ཨང་རིམ་བཀར་ཏེ་རྒྱལ་ཁའི་གཟེངས་རྟགས་དང་བྱ་དགའི་བདག་རྐྱེན་བསྩལ། 

     འགྲན་སྡུར་མཇུག་བསྡུ་སྐབས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཐེངས་འདིའི་འགྲན་སྡུར་ལ་སྤྱི་སྡོམ་དང་གདེང་འཇོག་ལས་འཕྲོས་ཏེ་སྐད་ཡིག་གི་གལ་ཆེ་བའི་རང་བཞིན་དང་། སྐད་ཡིག་རྒྱུན་འཛིན་ནི་འགྲན་སྡུར་ཙམ་མ་ཡིན་པར་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་བཀོལ་སྤྱོད་བྱ་དགོས་ཚུལ། དེ་ལ་དགེ་སློབ་ཚང་མས་འབད་ལ་གནང་སྟེ་རང་སློབ་གླིང་གི་སྔར་སྲོལ་བཟང་བོ་མ་ཉམས་པར་གནང་རྒྱུ་གལ་ཆེ་བའི་སྐོར་ནས་གསུངས་བཤད་རྒྱས་པར་གནང་། 

     ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་སློབ་པའི་སློབ་མ་དག་ནི་གཤམ་གསལ་ལྟར། 

རྟིང་སྐུལ། 

མཐོ་གཉིས་གཉིས་པ།  སྲས་མཆོག   

མཐོ་གཅིག་གཉིས་པ།  པདྨ་དབང་ཆེན།   

འབྲིང་གཅིག  བསམ་པ་ལྷུན་འགྲུབ།    

མཐོ་གཅིག་གཉིས་པ། གཅོད་པ་དོན་འགྲུབ།

ཨང་གསུམ་པ། 

མཐོ་གཅིག་དང་བོ།  ཡེ་ཤེས་རྒྱ་མཚོ།  

མཐར་ཕྱིན་དང་བོ།   བྱང་ཆུབ་ཟླ་བ། 

མཐར་ཕྱིན་དང་བོ།  ཤེས་རབ་རྒྱ་མཚོ།

ཨང་གཉིས་པ།

མཐོ་གཉིས་གཉིས་པ།  བཀྲ་ཤིས་ཕུན་ཚོགས། 

མཐོ་གཉིས་དང་བོ།  ལྷ་བསྟན་རྒྱལ།

ཨང་དང་བོ། 

འབྲིང་གཉིས། རིན་ཆེན་དོན་འགྲུབ།

ཕུལ་བྱུང་འཛིན་གྲྭ།  འབྲིང་གཉིས། 

སྒྲིག་ལམ་ཕུལ་དུ་བྱུང་བའི་འཛིན་གྲྭ།  མཐོ་གཅིག་གཉིས་པ།




གསར་འགོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-06-16 ལྟ་ཀློག (1041)