གན་ཇི་ར།

གན་ཇི་ར།

 

བོད་ཀྱི་ལྷ་ཁང་དད་ཕོ་བྲང་གི་ཡང།སྟེང་མཐའ་ཟུར་སོ་སོ་ལེགས་སྦྱར་སྐད་དུ་གན་ཇི་རསྟེ་བོད་སྐད་དུ་མཛོད་ལྡན་དུ་གྲགས་པ་དེའི་མཛེས་རྒྱན་གྱི་བྱེ་བྲག་པར།དྲིལ་བུའི་གཟུགས་དང་བུམ་པའི་གཟུགས་གཉིས་ཡོད་པ་ལས།དེའི་འོག་གི་པད་མའི་གཟུགས་ཀྱིས་ནི་འོད་དཔག་མེད་དང་དེའི་སྟེང་གི་འཁོར་ལོས་རྣམ་སྣང༌། དེའི་སྟེང་གི་དྲིལ་བུས་དོན་གྲུབ། དེའི་སྟེང་གི་བུམ་པས་མི་བསྐྱོད་པ། རྩེ་མོའི་ནོར་བུས་རིན་འབྱུང་བཅས་རྒྱལ་བ་རིགས་ལྔ་མཚོན་པར་བཤད་དོ། །

 རྩོམ་ཁུངས།  དགེ་ལུགས་པའི་དྲ་བ།   དྲ་བའི་སྦྲེལ་ཐགhttp://www.tb1025.cn


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2023-06-08 ལྟ་ཀློག (1359)