སློབ་གླིང་གསར་འགྱུར། ༢༠༢༣ལོའི་དྲ་འཕེན་ཕོ་ལོང་འགྲན་སྡུར།


སློབ་གླིང་གསར་འགྱུར། 

   ངེད་སློབ་གླིང་གི་ལོ་རེའི་འཆར་ཅན་ལྟར་སྟོང་བཙན་བུམ་པ་རྟགས་མའི་དྲ་འཕེན་ཕོ་ལོང་འགྲན་སྡུར་དེ་བསྟུད་མར་གཟའ་འཁོར་གཉིས་ཀྱི་ཡུན་ལ་རེས་འཁོར་འགྲན་རྩོད་ཀྱི་རྣམ་པས་སྤེལ་ཅིང་། དེ་རིང་རྟིང་རྩོད་འགྲན་སྡུར་སྤེལ། སློབ་མ་རྣམས་ཀྱི་སྤྲོ་དགའི་ཐལ་མོའི་ཁྲོད་ནས་འགྲན་ཞུགས་པ་དག་གིས་རང་རང་གི་རྩལ་དང་ཁྱད་ཆོས་གང་ཡོད་བསྟན་ཏེ་འགྲན་སྡུར་དགའ་འབོད་ཀྱི་ཁྲོད་ནས་མཇུག་བསྡུས། 

    ཐེངས་འདིའི་འགྲན་སྡུར་ཁྲོད་མཐོ་གཉིས་གཉིས་པ་ལ་ཨང་དང་བོ་དང་། མཐོ་གཉིས་དང་བོར་ཨང་གཉིས་པ། མཐར་ཕྱིན་དང་བོར་ཨང་གསུམ་པ་དང་། མཐར་ཕྱིན་གཉིས་པ་ལ་རྟིང་སྐུལ་བྱ་དགའ་བཅས་ཐོབ། 

དེ་བཞིན་ཕུལ་བྱུང་ལུས་རྩལ་བ། དཀོན་མཆོག་ཐབས་མཁས། ཡར་རྒྱས་ཆེས་ཆེ་བའི་ལུས་རྩལ་བ། བློ་བཟང་འཇིགས་མེད། སྐར་གསུམ་ཨང་དང་བོ། བསོད་ནམས་དབང་རྒྱལ་བཅས་ལ་བསྔགས་བརྗོད་དང་བྱ་དགའི་བདག་རྐྱེན་གནང་། 







 





གསར་འགོད་པ། གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-05-20 ལྟ་ཀློག (1214)