སློབ་གླིང་གསར་འགྱུར། ​ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན།

ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན། 

       ལོ་རེའི་འཆར་ཅན་ལྟར་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་ངེད་སློབ་གླིང་གི་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་འགན་བླངས་ཏེ་ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན་འགྲེམ་སྟོན་མཛད་སྒོ་བསྡུས་ཤིང་། སློབ་མའི་ཡིག་གཟུགས་བརྩམས་ཆོས་ལས་འབུར་དུ་ཐོན་པ་རྣམས་ལ་བྱ་དགའི་བདག་རྐྱེན་གནང་། 

     སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་མཛད་སྒོའི་སྟེང་སློབ་མའི་ཡིག་གཟུགས་བརྩམས་ཆོས་ལས་འཕྲོས་ཏེ་ཡིག་གཟུགས་དུས་ཆེན་གྱི་དགེ་མཚན་དང་། དགེ་སློབ་ཚང་མས་ཡིག་གཟུགས་ལ་དོ་སྣང་བྱ་དགོས་པ་སོགས་གསུང་རུས་པ་ཅན་གནང་། 

     དེ་བཞིན་སློབ་གླིང་རང་གི་མཐར་ཕྱིན་སློབ་མ་ལྷུན་གྲུབ་རྒྱ་མཚོས་ད་ལྟའི་བར་མི་ལོ་མང་བོའི་རིང་ལ་ཡིག་གཟུགས་འབྲི་སྦྱོང་གི་ཕྱོགས་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད་པས། ཐེངས་འདིར་ཁོའི་ཡིག་གཟུགས་བརྩམས་ཆོས་དགེ་སློབ་ཡོངས་ལ་འགྲེམ་སྟོན་ཞུས་པ་ལ་ཚང་མས་བསྔགས་བརྗོད་ཆེན་པོ་གནང་། 

ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་ཁྲོད་བྱ་དགའ་འཐོབ་པའི་སློབ་མ་རྣམས་ནི། 

ཨང་དང་བོ། 

མཐར་ཕྱིན་དང་བོའི་འཇིགས་མེད་བསྟན་འཛིན།

ཨང་གཉིས་པ། 

མཐར་ཕྱིན་དང་བོའི་བློ་བཟང་གྲགས་པ།

མཐར་ཕྱིན་གཉིས་པའི་ངག་དབང་དགེ་འདུན།

ཨང་གསུམ་པ།

མཐར་ཕྱིན་དང་བོའི་བསོད་ནམས་ཆོས་གྲགས།

མཐོ་གཉིས་གཉིས་པའི་བློ་བཟང་འཇམ་དཔལ།

འབྲིང་རིམ་དང་བོའི་བསོད་ནམས་གྲགས་པ།

རྟིང་སྐུལ་བྱ་དགའ།

མཐར་ཕྱིན་གཉིས་པའི་ཚེ་རིང་བསམ་གྲུབ།

མཐར་ཕྱིན་གཉིས་པའི་བཟོད་པ།

མཐར་ཕྱིན་གཉིས་པའི་རབ་གསལ།

མཐོ་གཅིག་གཉིས་པའི་ཚེ་རིང་དོན་གྲུབ།








གསར་འགོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-05-01 ལྟ་ཀློག (1165)