སློབ་གླིང་གསར་འགྱུར། ༢༠༢༣ལོའི་རྐང་གྲུག་འགྲན་སྡུར་ཆེན་མོ།


སློབ་གླིང་གསར་འགྱུར། རྐང་གྲུག་འགྲན་སྡུར། 

      གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་བདེ་ཐང་ལ་དམིགས་ནས་ལོ་རེར་བྱ་འགུལ་གྱི་རྣམ་གྲངས་མང་བོ་ཞིག་སྤེལ་གྱིན་ཡོད་པ་ལས།   ལོ་རེ་འཆར་ཅན་བཞིན་དུ་སྤེལ་བའི་ད་ལོའི་སྲོང་བཙན་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ཆེན་མོ་དེ་གཟའ་འཁོར་གཅིག་རིང་འཛིན་གྲྭ་སོ་སོའི་རྒྱལ་ཕམ་གྱི་འགྲན་སྡུར་བརྒྱུད་ནས་༢༠༢༣ལོའི་སྤྱི་ཟླ་༤ཚེས་༡༡ཉིན་དངོས་སུ་ཆེས་མཐའ་མཇུག་གི་རྟིང་རྩོད་འགྲན་སྡུར་འཚོགས་ཤིང་།   སློབ་གླིང་སྤྱིའི་ལུས་རྩལ་རྩ་འཛུགས་ཚན་ཆུང་གིས་གཙོས་པའི་དགེ་རྒན་དང་ལས་བཟོ་བ་ཡོངས་མགོ་མཇུག་བར་གསུམ་དུ་མཉམ་ཞུགས་ཀྱིས་བཀོད་སྒྲིག་དང་ལྟ་རྟོག་ལེགས་པོ་བྱས། ཐེངས་འདིའི་སྲོང་བཙན་བུམ་པ་རྟགས་མའི་རྐང་གྲུག་འགྲན་སྡུར་ཁྲོད་ཨང་དང་བོ་མཐོ་གཉིས་གཉིས་པ་དང་། ཨང་གཉིས་པ་མཐོ་གཉིས་དང་བོ། ཨང་གསུམ་པ་འབྲིང་གཅིག  ཨང་བཞི་བ་དམའ་གཅིག་བཅས་ལ་ཐོབ་ཅིང་།  མཐོ་གཅིག་པདྨ་རྡོ་རྗེ་ཐེངས་འདིའི་ཕུལ་བྱུང་རྐང་གྲུག་པ་དང་།  མཐོ་གཉིས་གཉིས་པའི་རིན་ཆེན་རྡོ་རྗེ་ལ་ཐེངས་འདིའི་ཕུལ་བྱུང་སྒོ་སྲུང་བའི་གཟེངས་རྟགས་སྤྲད་དེ་འགྲན་སྡུར་ཡོངས་སུ་མཇུག་བསྡུས།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-04-11 ལྟ་ཀློག (1947)