དྲུང་ཡིག་ཆེན་མོ་ཚེ་རིང་དོན་གྲུབ།


ཚེ་རིང་དོན་གྲུབ། རྟེན། གྲོང་བ། ལས་གནས། དྲུང་ཡིག་ཆེན་མོ།
༡༩༦༣ལོའི་ཟླ༡༢པའི་ཚེས༡༧ཉིན་མགོ་ལོག་རྭ་རྒྱར་སྐྱེས།
༡༩༨༥ལོའི་ཟླ་བདུན་པར་མགོ་ལོག་མི་རིགས་དགེ་ཐོན་སློབ་གྲྭར་སློབ་མཐར་ཕྱིན།
༡༩༨༥ལོའི་ཟླ་བརྒྱད་པར་རྨ་ཆེན་རྫོང་རྒྱུད་མགོ་ཞང་སློབ་ཆུང་དུ་དགེ་རྒན་གྱི་བྱ་བ་གཉེར།
༡༩༩༢ལོར་རྨ་ཆེན་རྫོང་བཟོ་ཚོང་ལས་ཁུངས་སུ་ལས་ཀ་སྒྲུབ།
༢༠༠༦ལོའི་ཟླ་༦པའི་ཚེས་༦ཉིན་ནས་པདྨ་རྫོང་བཟོ་ཚོང་ལས་ཁུངས་སུ་ཅུའུ་ཀྲང་གཞོན་པའི་འགན་ཁུར།
༢༠༡༥ལོར་ལས་འཁྱེར་ངལ་གསོ་བྱས།
༢༠༢༢ལོའི་ཟླ་༧པ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་ལས་དབུ་བཞུགས་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-03-23 ལྟ་ཀློག (2621)