​སློབ་གླིང་གསར་འགྱུར། སློབ་སྦྱོང་ཡར་སྐུལ་གྱི་བཀའ་སློབ་ལམ་སྟོན་གནང་།

སློབ་གླིང་གསར་འགྱུར།  སློབ་སྦྱོང་ཡར་སྐུལ་གྱི་གསུང་བཤད་གལ་ཆེན་གནང་། 

༢༠༢༣ལོའི་སྤྱི་ཟླ་༣ཚེས་༧ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་སློབ་གླིང་དུ་ཞབས་སོར་འཁོར་ནས་སློབ་གླིང་གི་དགེ་སློབ་ཡོངས་ལ་སློབ་འགོ་ཚུགས་པའི་གསུང་བཤད་གལ་ཆེན་གནང་བ་དང་། སློབ་གྲྭ་བཙུགས་པའི་ཀྱག་ཀྱོག་གི་བརྒྱུད་རིམ་དང་། སློབ་གྲྭའི་འགྱུར་ལྡོག  སློབ་གསོའི་དམིགས་ཡུལ།  སློབ་སྦྱོང་གི་དགོས་པ། སློབ་མའི་ཀུན་སྤྱོད་དང་སྒྲིག་ལམ་སོགས་ཕྱོགས་མང་བོ་ནས་བཀའ་སློབ་ལམ་སྟོན་གནང་བ་དང་། ལྷག་པར་དུ་སློབ་མ་གསར་རྙིང་རྣམས་ལ་སློབ་སྦྱོང་གི་དམིགས་རྒྱང་རིང་བོ་དང་། དམ་བཅའ་བརྟན་པོ། བརྩོན་སེམས་ལྷོད་མེད་ཡོང་དགོས་པའི་ཕྱོགས་ནས་བཀའ་སློབ་རིན་ཐང་བྲལ་བ་གནང་ནས་སློབ་སྦྱོང་གི་འདུན་པ་ཡར་སྐུལ་གནང་།

 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-03-07 ལྟ་ཀློག (1602)