སློབ་གླིང་གསར་འགྱུར། ༢༠༢༣ལོའི་ཤེས་རིག་གླིང་གི་སློབ་འགོ་གསར་དུ་བརྩམས།


སློབ་གླིང་གསར་འགྱུར།  ༢༠༢༣ལོའི་ཤེས་རིག་རིག་གླིང་གི་སློབ་འགོ་གསར་དུ་བརྩམས། 

༢༠༢༣ལོའི་སྤྱི་ཟླ་༢ཚེས་༢༦ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་འགོ་གསར་དུ་བརྩམས་ཤིང་།  དགེ་རྒན་དང་ལས་བཟོ་བ་ཡོངས་ཉིན་འགའི་སྔོན་དུ་སློབ་གྲྭར་འབྱོར་ཏེ་སློབ་གྲྭའི་འཕྲོད་བསྟེན་དང་བདེ་འཇགས་སོགས་ཕྱོགས་གང་ཐད་ལ་གཟིགས་རྟོགས་དང་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་པ་དང་། སློབ་མ་གསར་རྙིང་གཉིས་ལ་སློབ་འགོ་རྩོམ་པར་གོང་རིམ་གྱི་ཆ་རྐྱེན་ལྟར་དགོས་ངེས་ཀྱི་ཡིག་ཆ་སོགས་ལ་རེ་རེ་བཞིན་ཞིབ་བཤེར་ནན་མོ་བྱས་ཏེ་མིང་ཐོ་བཀོད་ཅིང་། གཞན་ལོ་རྙིང་ནང་དུ་གང་སར་མཆེད་པའི་ནད་ཡམས་ཀྱི་དབང་གིས་སློབ་འགོ་དུས་ལྟར་བརྩམས་མ་ཐུབ་པའི་དཀའ་ཁག་ལ་དགེ་སློབ་ཡོངས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་གདོང་ལེན་དང་།  ཐབས་ཤེས་གང་ཡོད་ཀྱིས་དྲྭ་ལམ་སློབ་ཁྲིད་ལ་བརྟེན་ནས་སློབ་མ་རེ་རེའི་སློབ་སྦྱོང་ཕྱོགས་ལ་ཤུགས་རྐྱེན་ཆེར་མི་ཐེབས་པར་མཉམ་དུ་འབད་འབུངས་མི་དམན་པ་གནང་། 

གསར་འགོད་པ། འབའ་སྣང་གྲོལ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-02-26 ལྟ་ཀློག (2464)