མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་ལོ་མཇུག་བྱ་བའི་སྤྱི་སྡོམ་ཚོགས་འདུ།

  མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་ལོ་མཇུག་བྱ་བའི་སྤྱི་སྡོམ་ཚོགས་འདུ།

      ལུགས་རྙིང་གི 2022ལོའི་ཟླ12པའི་ཚེས20ཉིན་མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་སྐབས་གསུམ་པའི་མ་རྐང་གི་ཁེ་སྤོགས་བགོ་བའི་ཚོགས་འདུ་མང་རྫོང་ཉི་མ་བླ་བྲང་ཚང་ནས་འཚོགས།   ཚོགས་ཐོག་ཏུ་རྒྱུན་ལས་གསར་རྙིང་གཉིས་ཀའི་འཐུས་ཚབ་མི་སྣ་རྣམས་མཉམ་ཞུགས་བྱས་ཏེ།   2022ལོའི་བྱ་བར་སྤྱི་བསྡོམས་བྱས་ཤིང་མ་རྐང་འཇོག་མཁན་གྱི་མི་གྲངས་ཉེར་དྲུག་ལ་ལོ་གཅིག་གི་ཁེ་སྤོགས་རྐྱང་བ་དམངས་སྒོར་ཁྲི་བཅུ་གཉིས་ཀྱི་བགོ་བྱ་ལེགས་པར་བརྒྱབ་པ་དང་།   ལོ་རྗེས་མའི་བྱ་བར་གྲོས་གཞི་དང་འཆར་གཞི་འཐེན་རྗེས་ཚོགས་འདུ་བདེ་ལེགས་ངང་མཇུག་བསྡུས་སོ།།

ལོ་རྗེས་མའི་བྱ་བར་གྲོས་གཞི་འདོན་བཞིན་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2023-01-12 ལྟ་ཀློག (3864)