ཕ་སྐད་གཙང་མའི་ཐ་སྙད་འགྲན་སྡུར་སྤེལ་བ།

 ཕ་སྐད་གཙང་མའི་ཐ་སྙད་འགྲན་སྡུར་སྤེལ་བ།

      2017ལོའི་སྤྱི་ཟླ་12་པའི་ཚེས་15ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཕ་སྐད་གཙང་མའི་ཐ་སྙད་འགྲན་སྡུར་སྤེལ།   ངེད་སློབ་གླིང་གི་ལོ་རེའི་འཆར་གཞི་ལྟར་སློབ་སྐབས་རེ་ལ་ཕ་སྐད་གཙང་མའི་འགྲན་སྡུར་ཐེངས་རེར་སྤེལ་བཞིན་ཡོད་པ་ལྟར། ཐེངས་འདིར་ཐ་སྙད་རྩོམ་སྒྲིག་ཚན་ཆུང་སྐབས་ཉེར་གཅིག་པའི་གཙོ་སྒྲུབ་འོག་རང་སློབ་གྲྭའི་གླིང་སྨད་ཀྱི་ཚོགས་ཁང་དུ་བྱ་འགུལ་སྤེལ། ཕ་སྐད་གཙང་མའི་འགྲན་སྡུར་འདི་ནི་ཐ་སྙད་གསར་བའི་གྲངས་ཀ་བློར་འཛིན་པ་ཙམ་མ་ཡིན་པར་བོད་སྐད་ཐ་སྙད་ལ་རྒྱ་སྐད་ཀྱིས་ལན་འདེབས་པ། རྒྱ་སྐད་ཀྱི་ཐ་སྙད་གསར་བར་བོད་སྐད་ཀྱིས་བཤད་པ། པར་རིས་ལ་བལྟས་ནས་ལན་འདེབས་པ། ཉམས་བཞིན་པའི་བོད་ཀྱི་སྲོལ་རྒྱུན་ཐ་སྙད་འགྲན་པ་བཅས་ཀྱི་སྒོ་ནས་འགྲན་སྡུར་བྱས་ཤིང་། བཟང་ཐོན་གྱི་སློབ་མ་བཅུ་ལྷག་དང་ཕུལ་བྱུང་འཛིན་གྲྭ་གསུམ་ལ་བྱ་དགའ་ཕུལ་བ་དང་། ཐེངས་འདིའི་བྱ་འགུལ་ལ་སྦྱིན་བདག་གཏོང་མཁན་ཁྲི་པདྨ་ཚེ་རིང་(རང་སློབ་གྲྭའི་སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ།)ལ་བཀའ་དྲིན་མཚོན་པའི་སྐྱེས་བཟང་བཟང་བསྟོད་ཕུལ།
       མཐར་སློབ་དཔོན་དམ་པ་འཇིགས་མེད་རྒྱལ་མཚན་མཆོག་གིས་རང་སློབ་གླིང་གི་ལོ་ཉི་ཤུའི་དུས་ཡུན་གྱི་ཕ་སྐད་གཙང་མའི་བྱ་བའི་གོ་རིམ་དང་འབྲེལ་ཏེ་བོད་སྤྱི་ཚོགས་ཡོངས་ཀྱི་སྐད་ཆའི་གནས་བབ།  རིག་གནས་ཀྱི་གནས་ཚུལ། ཉམས་པ་དང་གསོ་བའི་སྲོལ་རྒྱུན་གྱི་བྱ་བའི་གནས་ཚུལ་དང་རང་འགན་རང་གིས་བསྒྲུབ་སྟངས་སོགས་ཀྱི་སྒོ་ནས་ལེགས་བཤད་ཀྱིས་ཕྱུག་པའི་གསུང་བཤད་གནང་ཞིང་། ཁྱད་པར་སྐབས་བཅུ་དགུ་བའི་ཚོགས་འདུའི་དགོངས་དོན་སྐོར་གསལ་བསྒྲགས་གནང་བ་སོགས་ལ་དགེ་སློབ་ཡོངས་ཀྱིས་སྤྲོ་བའི་དགའ་བསུ་དང་བཅས་བདེ་ལེགས་ངང་མཇུག་བསྡུས།

བོད་སྐད་ཀྱི་ཐ་སྙད་ལ་རྒྱ་སྐད་ཀྱིས་ལན་འདེབས་བཞིན་པ།

བྱ་འགུལ་སྤེལ་བའི་ཡུལ་དངོས།

འགྲན་སྡུར་ཁྲོད་རྒྱལ་ཁ་ཐོབ་མཁན་རྣམས་ལ་བྱ་དགའ་གནང་བཞིན་པ།

ཕ་སྐད་གཙང་མའི་ཐ་སྙད་འགྲན་སྡུར་གྱི་བྱ་དགའི་སྤྱིན་བདག་པདྨ་ཚེ་རིང་ལ་བྱ་དགའ་གནང་བ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ།  ལྡོང་རུ་ཆོས་དུང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-12-16 ལྟ་ཀློག (3863)