ལྗང་མདོག་གི་འབོད་སྐུལ་ཞེས་པའི་བགྲོ་གླེང་བྱ་འགུལ་སྤེལ་བ།

ལྗང་མདོག་གི་འབོད་སྐུལ་ཞེས་པའི་བགྲོ་གླེང་བྱ་འགུལ་སྤེལ་བ།

      2017ལོའི་སྤྱི་12པའི་ཚེས་14ཉིན་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཁོར་ཡུག་ལྗང་སྒྱུར་ཚན་ཆུང་གིས་སློབ་གྲྭའི་དཔེ་མཛོད་ཁང་དུ་ལྗང་མདོག་གི་འབོད་སྐུལ་ཞེས་པའི་བགྲོ་གླེང་བྱ་འགུལ་སྤེལ། བྱ་འགུལ་འདིར་སློབ་དཔོན་འཇིགས་མེད་རྒྱལ་མཚན་ཚང་སོགས་དགེ་རྒན་དང་ལས་བཟོ་བ་ཡོངས། འཛིན་གྲྭ་བཅུ་གཅིག་གི་སློབ་མ་སྟོང་དང་བཅས་འཚོགས། སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་གླིང་ལྗང་སྒྱུར་ཚན་ཆུང་གི་བྱ་བའི་འཕེལ་རྒྱས་སོགས་ཀྱི་ཐད་གསུང་བཤད་གནང་། བྱ་འགུལ་ལ་འཛིན་གྲྭ་བཅུའི་འཐུས་ཚབ་སློབ་མ་ཉི་ཤུས་མི་རེས་འཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དམ་བཅའི་གཏམ་དང་འབྲེལ་ནས་བགྲོ་གླེང་བྱས་ཤིང་། མཇུག་ཏུ་བོད་ཁམས་ཀྱི་འདབ་ཆགས་ཞིབ་འཇུག་པ་དང་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་འཇུ་བཀྲ་ཤིས་བཟང་བོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་གྱི་སྐོར་ནས་གསུང་བཤད་ཉན་སྤྲོ་ལ་དོན་ཟབ་པ་མང་བོ་གནང་བས་དགེ་སློབ་ཀུན་ཡིད་སྤྲོ་བའི་དགའ་བསུ་དང་བཅས་བདེ་ལེགས་ངང་མཇུག་བསྡུས།

བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་བོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་གྱི་སྐོར་ནས་གསུང་བཤད་གནང་བ།

ལྗང་མདོག་གི་འབོད་སྐུལ་ཞེས་པའི་བགྲོ་གླེང་བྱ་འགུལ།

ལྗང་མདོག་གི་འབོད་སྐུལ་ཞེས་པའི་བགྲོ་གླེང་བྱ་འགུལ།

ལྗང་མདོག་གི་འབོད་སྐུལ་ཞེས་པའི་བགྲོ་གླེང་བྱ་འགུལ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ།  རྐང་ཚ་འཕྲིན་ལས།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-12-16 ལྟ་ཀློག (3893)