ན་གཞོན་རི་མོ་བ་ཡོན་ཏན་གྱི་སྒྱུ་རྩལ་བརྩམས་ཆོས་བདམས་བཀོད།

ན་གཞོན་རི་མོ་བ་ཡོན་ཏན་གྱི་སྒྱུ་རྩལ་བརྩམས་ཆོས་བདམས་བཀོད།

        བོད་ཀྱི་ན་གཞོན་རི་མོ་བ་ཡོན་ཏན་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་བྲག་དཀར་སྤྲེལ་རྫོང་གི་ཉེ་འདབས་སུ་ངུ་ངག་གི་དབྱངས་རྟ་ཐོག་མ་མཆེད་ཅིང་།      ཆུང་དུས་ནས་ཁོ་རང་ལྷན་སྐྱེས་ཀྱི་དགའ་ཕྱོགས་ཤིག་ཡོད་པ་ནི་རི་མོ་འབྲི་རྒྱུ་དེ་ཡིན་ལ།  མི་དང་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་རིས་དུ་མ་ཁ་བའི་ཁྲོད་དང་ཁང་བའི་ངོས་སོགས།   གནས་ངེས་མེད་དུ་བྲིས་ཏེ་རང་ཉིད་ཀྱི་དགའ་ཕྱོགས་རྒྱུན་བསྐྱངས་པ་ལས་རི་མོ་ལ་སློབ་གཉེར་བྱེད་པའི་སྐལ་བ་མ་བྱུང་།     ཉིས་སྟོང་བཅུ་གཉིས་ལོར་ཁོ་བོའི་མདུན་ལམ་ལ་འོད་སྣང་འཕྲོས་ཤིང་ལས་སྨོན་གྱི་སྐལ་བཟང་མངོན་དུ་གྱུར་ནས་ནུབ་ཕྱོགས་ཁ་ན་ཏཱའི་རི་མོ་བ་གྲགས་ཅན་རྒན་Kristel Ouwehand/བསྟན་འཛིན་སྒྲོལ་མ་ལགས་དང་འཕྲད་ནས་ཁོ་མོ་དགེ་རྒན་དུ་བསྟེན་ཏེ་མི་ལོ་ངོ་ལྔའི་རིང་ལ་ནུབ་ལུགས་ཀྱི་རི་མོ་སྣ་ཚོགས་འབྲི་སྦྱངས་བྱས།  ཉིས་སྟོང་བཅུ་བདུན་ལོར་དགེ་རྒན་བསྟན་འཛིན་སྒྲོལ་མ་ལགས་ཀྱི་མདུན་དུ་རི་མོ་སློབ་སྦྱོང་བྱས་པའི་མཐར་ཕྱིན་འཛིན་ཡིག་བླངས།   ད་ལྟ་ཁོའི་ད་དུང་རང་ཉིད་ཀྱི་ཕུགས་བསམ་དང་རྨི་ལམ་གྱི་སླད་དུ་སྔར་བཞིན་རི་མོའི་སྒྱུ་རྩལ་གྱི་ལམ་དུ་ཆས་བཞིན་ཡོད། གཤམ་གྱི་བརྩམས་ཆོས་དག་ནི་ཁོ་བོས་མི་ལོ་དུ་མའི་རིང་གི་སྒྱུ་རྩལ་གྱི་ལམ་བུ་ལ་ཕྱི་མིག་ཐེངས་གཅིག་བལྟས་པ་ཡིན།    ཁོས་རི་མོའི་ལས་རིགས་འདི་ནི་ཚེ་ནོམ་ཞིག་ཏུ་ངོས་བཟུང་ཡོད་ལ།    རི་མོ་འབྲི་བ་ནི་ཁོའི་ཆུང་དུས་ཀྱི་རྨི་ལམ་ཡིན་ལ།       ད་ལྟའི་འཚོལ་སྙེགས་ཀྱི་འགྲོ་སྟངས་ཤིག་ཀྱང་ཡིན་ཟེར།

རས་གཟན་དམར་བོ།

རེ་བའི་མིག་ཟུང་།

གླུ་མའི་ཉམས་འགྱུར།

ལྷད་མེད་ཀྱི་འཛུམ་མདངས།

སྐྲ་ཡི་ལན་བུ།

གྲིབ་བསིལ་གྱི་བརྩེ་བ།

མགོ་རྒྱན།

མར་མེ་ལྟ་བའི་ཚེ་མཇུག

སྨག་རུམ་གྱི་རྔམ་ཁ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-12-13 ལྟ་ཀློག (10620)