མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་མི་གྲངས་དུང་ཕྱུར80ལ་བསླེབས་ཡོད་ཅེས་བསྒྲགས་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་མི་གྲངས་དུང་ཕྱུར80ལ་བསླེབས་ཡོད་ཅེས་བསྒྲགས་པ།

 

   མཉམ་འབྲེལ་རྒྱལ་ཚོགས་ཀྱིས2022ལོའི་ཟླ11པའི་ཚེས15ཉིན་འཛམ་གླིང་གི་མི་གྲངས་དུང་ཕྱུར80ལ་བསླེབས་ཡོད་ཅེས་བསྒྲགས། མཉམ་འབྲེལ་རྒྱལ་ཚོགས་དྲ་ཚིགས་ཀྱིམི་གྲངས་དུང་ཕྱུར80ཡི་ཉིན་མོའིལེ་ཚན་ནང་། དེ་ནི་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་རེད། འཛམ་གླིང་ཡོངས་ཀྱི་མི་གྲངས་ཇེ་མང་དུ་འགྲོ་བ་དེ་སྤྱི་པའི་འཕྲོད་བསྟེན་དང་འཚོ་བཅུད། མི་སྒེར་གྱི་འཕྲོད་བསྟེན། དེ་བཞིན་སྨན་བཅོས་ཇེ་ལེགས་སུ་ཕྱིན་པ་བཅས་ལ་བརྟེན་ནས་བྱུང་བ་དང་མིའི་རིགས་ཀྱི་ཚེ་ཚད་རིམ་བཞིན་རིང་དུ་ཕྱིན་ཡོད། གཞན་ཡང་རྒྱལ་ཁབ་ལ་ལའི་ཕྲུ་གུ་སྐྱེ་ཚད་མཐོན་པོས་ཀྱང་མི་གྲངས་མགྱོགས་མྱུར་ངང་འཕར་བར་སྐུལ་འདེད་བཏང་ཡོད།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལེ་སི་ཡིས་བཤད་རྒྱུར། དེ་ནི་མིའི་རིགས་ཀྱིས་བསམ་གཞིག་བཏང་ནས་སའི་གོ་ལར་ཐུན་མོང་གིས་འགན་འཁྲི་འཁུར་བའི་དུས་སྐབས་ཤིག་རེད་ཟེར།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སྟེེང་མངོན་པར། འཛམ་གླིང་ཡོངས་ཀྱི་མི་གྲངས་དུང་ཕྱུར70ནས་དུང་ཕྱུར80བར་འཕར་བར་ལོ་ངོ12ཙམ་གྱི་དུས་ཚོད་སྤྱད་ཡོད་མོད། འོན་ཀྱང2037ལོར་སླེབས་སྐབས་མི་གྲངས་དུང་ཕྱུར90ཟིན་པར་ལོ15ཙམ་གྱི་དུས་ཚོད་དགོས། དེའི་ཆ་ནས་འཛམ་གླིང་ཡོངས་ཀྱི་མི་གྲངས་སྤྱིའི་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་པ་མཚོན་ཡོད།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲ་ཚིགས་སྟེང་། ཕྲུ་གུ་སྐྱེ་ཚད་མཐོ་བའི་རྒྱལ་ཁབ་ནི་རྟག་ཏུ་མི་རེའི་ཆ་སྙོམས་ཡོང་འབབ་དམའ་བའི་རྒྱལ་ཁབ་རེད། དུས་ཚོད་དང་བསྟུན་ནས་འཛམ་གླིང་ཡོངས་ཀྱི་མི་གྲངས་ཇེ་མང་དུ་འགྲོ་བ་དེ་འཛམ་གླིང་སྟེང་གི་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཏུ་གཅིག་སྡུད་བྱས་ཡོད་ལ། དེའི་ནང་མང་ཆེ་བ་ས་ཧ་ལ་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁ་གླིང་དུ་གནས་ཡོད། རྒྱལ་ཁབ་དེ་དག་གི་མི་གྲངས་རྒྱུན་མཐུད་ངང་མགྱོགས་མྱུར་གྱིས་འཕར་བས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འགོག་རྐྱེན་བཟོ་སྲིད་པ་དང་།  རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ནི་སྔར་བཞིན་འཛམ་གླིང་བདེ་སྐྱིད་དང་སྐྱོན་བྲལ་ངང་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་རེད། 
དྲ་ཚིགས་སྟེང་བསྟན་དོན།  མི་རེའི་ཆ་སྙོམས་དངོས་པོའི་ཐོན་ཁུངས་ཟད་གྲོན་དང་དྲོད་ཁང་རླངས་གཟུགས་འབུད་ཚད་མང་ཤོས་ཀྱི་རྒྱལ་ཁབ་ནི་རྟག་ཏུ་མི་རེའི་ཆ་སྙོམས་ཡོང་འབབ་ཅུང་མཐོ་བའི་རྒྱལ་ཁབ་ཡིན་པ་ལས། མི་འབོར་འཕར་ཚད་མགྱོགས་པའི་རྒྱལ་ཁབ་མིན། པ་ལིའི་གྲོས་ཆོདནང་གཏན་འབེབས་བྱས་པའི་དྲོད་ཚད་འཕར་རྒྱུར་ཚོད་འཛིན་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པ་དང་། དུས་མཚུངས་སུ་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པའི་འགག་རྩ་ནི་རྒྱུན་མཐུད་མི་ཐུབ་པའི་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་བཀག་འགོག་བྱ་རྒྱུར་རག་ལས་ཡོད་ཅེས་བསྟན། །

མཉམ་འབྲེལ་རྒྱལ་ཚོགས་ཀྱིས2022ལོའི་ཟླ11པའི་ཚེས15ཉིན་འཛམ་གླིང་ཡོངས་ཀྱི་མི་གྲངས་དུང་ཕྱུར་བརྒྱད་ཅུར་བསླེབས་ཡོད་ཅེས་བསྒྲགས།

ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-11-23 ལྟ་ཀློག (1823)