ཧྭ་སྐོར་ཤེས་རིག་གླིང་གི་འཁྲུངས་སྟོན་སྐབས་དྲུག་པ།

ཧྭ་སྐོར་ཤེས་རིག་གླིང་གི་འཁྲུངས་སྟོན་སྐབས་དྲུག་པ།

    ༢༠༡༧ལོའི་ཟླ་༡༡པའི་ཚེས་༢༤ཉིན་ནི་ཧྭ་སྐོར་ཤེས་རིག་གླིང་བཙུགས་ནས་ལོ་འཁོར་དྲུག་ལོན་པའི་འཁྲུངས་སྟོན་གྱི་ཉིན་མོ་ཡིན་པས། དེར་བཞུགས་དགེ་སློབ་ཡོངས་ཀྱིས་སྐབས་དྲུག་པའི་འཁྲུངས་སྟོན་གྱི་སྔོན་འགྲོའི་སྟ་གོན་ཚགས་སུ་ཚུད་པ་བྱས་རྗེས།   སློབ་གླིང་རང་གིས་བཀོད་སྒྲིག་ལྟར་གླུ་དང་རྡུང་ལེན། སྙན་ངག་གྱེར་འདོན། བཞད་གར། ཁ་ཤགས་བཅས་ཀྱི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པར་མ་ཟད། མཐའ་འཁོར་གྱི་སྡེ་བ་སོ་སོའི་ན་གཞོན་གླུ་བ་སྐོར་ཞིག་ཀྱང་ཆེད་དུ་གདན་ཞུ་བྱས་ཏེ་གླུ་དང་གླུ་དབྱངས་སོགས་ཀྱི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱེད་དུ་བཅུག་ནས་ཐེངས་འདིའི་འཁྲུངས་སྟོན་ལ་ལེགས་སྐྱེས་ཕུལ།

      དགོང་མོ་ཆུ་ཚོད་བརྒྱད་པའི་སྟེང་ནས་མཐོ་རིམ་འཛིན་གྲྭས་དཀོད་སྒྲིག་ལྟར་དགེ་སློབ་ཡོངས་ཀྱིས་ལྷན་དུ་དགོང་ཟས་ལ་རོལ་ཞོར་སློབ་མ་རྣམས་ཚོ་ཁག་སོ་སོར་བགོས་ཏེ་གཏམ་དཔེ་དང་ཁེད་བཤད་ཀྱི་འགྲན་བསྡུར་སྤེལ་ནས་མཚན་མོའི་ཆུ་ཚོད་བཅུ་གཉིས་སྟེང་ཐེངས་འདིའི་འཁྲུངས་སྟོན་རྒྱལ་ཁའི་ངང་མཇུག་སྒྲིལ།

མཐར་བཀྲ་ཤིས་བདེ་ལེགས།


གདངས་དབྱངས་གཅིག་ཏུ་བརྒྱུས་པའི་མཉམ་ལེན་གླུ་གཞས།

གླུ་གར་གྱི་མཆོད་པ།

འཁྲུངས་སྟོན་གྱི་ཡུལ་དངོས།

ཚོགས་རའི་ཟུར་ཙམ།

གསར་འགྱུར་མཁོ་སྤྲོད་པ། ཐེབ་པད་གྲོལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-11-25 ལྟ་ཀློག (3564)