གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་གསར་འགྱུར།



གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གི་༢༠༡༧ལོའི་བུད་མེད་ལྷན་ཚོགས་ཀྱི་ལོ་མཇུག་སྤྱི་བསྡོམས་ཚོགས་འདུ།


    ༢༠༡༧ལོའི་ཟླ་བ༡༡པའི་ཚེས་༢༢ཉིན་གངས་ལྗོངས་གཅེས་ནོར་འགན་འཁྲི་ཚད་ཡོད་མཐུན་གཉེར་ཁང་གིས་བུད་མེད་ལྷན་ཚོགས་ཀྱི་ལོ་མཇུག་སྤྱི་བསྡོམས་ཚོགས་འདུ་བསྡུས། ཚོགས་ཐོག་ཏུ་གངས་ལྗོངས་གཅེས་ནོར་ཚད་ཡོད་མཐུན་གཉེར་ཁང་གི་བུད་མེད་ལྷན་ཚོགས་ཀྱི་འགོ་བ་ཀླུ་བྷོ། མཐུན་གཉེར་ཁང་གི་བཟོ་དཔོན་བསྟན་རྒྱམ།   མཐུན་གཉེར་ཁང་གི་ཐོན་སྐྱེད་འགོ་བ་བྱམས་པ་དང་བཟོ་ཚོགས་ཀྱི་ཀྲོའུ་ཞི་ཚེ་བརྟན་རྡོ་རྗེ་བཅས་ཀྱིས་རང་རང་གི་བྱ་བའི་འགན་འཁྲི་དང་བླངས་བྱས་ཏེ་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་བུད་མེད་ལྷན་ཚོགས་ཀྱི་འདས་པའི་བྱ་བར་སྤྱི་བསྡོམས་དང་ད་ལྟའི་གནས་བབ་ལ་བསམ་གཞིགས། མ་འོངས་པའི་བྱ་བར་བརྩོན་སེམས་བསྐྱེད་དགོས་པའི་གླེང་བྱ་མང་བོ་བཏོན་མཐར་བུད་མེད་ལྷག་བསམ་ཅན་དང་ཕུལ་བྱུང་ལས་བཟོ་བ་ལ་བྱ་དགའ་ཇ་ནོམ་པ་བྱིན།


བུད་མེད་ལྷག་བསམ་ཅན་དང་ལས་བཟོ་བ་ཕུལ་བྱུང་ཅན་དག་ལ་བྱ་དགའ་སྟེར་བའི་ཡུལ་དངོས།


མཐུན་གཉེར་ཁང་གི་བུད་མེད་ལྷན་ཚོགས།


      ཕྱི་དྲོར་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་སྐོར་ལ་སློབ་སྦྱོང་གི་ཚོགས་འདུ་བསྡུས་ཏེ་ཀུན་གྱིས་དེ་དང་འབྲེལ་ཡོད་ཀྱི་ཡིག་ཆ་ལ་བལྟས་ཤིང་ལྷག་པར་དུ་བུད་མེད་ལྷན་ཚོགས་ཀྱི་འགོ་བ་ཀླུ་བྷོ་ཡིས་ང་ཚོ་བུད་མེད་སུ་ཡིན་རུང་སྤོབས་པ་ཆེ་རུ་བསྐྱེད་དེ་མདུན་སྐྱོད་བྱེད་དགོས་པ་དང་རང་གི་འཇོན་ཐང་ལ་བརྩི་མཐོང་བྱས་ཏེ་བྱ་བར་ཤུགས་རྒྱག་པ།  ད་དུང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ། ངེས་ཆ་ཡོད་པ། མདོར་ན་བུད་མེད་གནམ་གྱི་ཕྱེད་ཀ་ཞེས་པའི་དཔེ་ལྟར་ནམ་ཡང་ཕམ་མི་རུང་ཞེས་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་ལ་དོན་སྙིང་ལྡན་པའི་གཏམ་བཤད་དང་། བུད་མེད་ཕན་ཚུན་ལ་བསམ་བློ་བརྗེ་རེས་དང་སློབ་སྦྱོང་གི་གོ་སྐབས་བཟང་བོ་ཞིག་བསྐྲུན་ཏེ་མཇུག་ལེགས་པར་བསྡུས།


གསར་འགོད་པ།  གཡོན་གཞིས་ཁྲོ་རྒྱལ


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-11-23 ལྟ་ཀློག (5444)