བརྙན་པར་དང་བརྙན་པར་ཟིན་ཐོའི་གལ་ཆེན་རང་བཞིན་ངོས་འཛིན།

བརྙན་པར་དང་བརྙན་པར་ཟིན་ཐོའི་གལ་ཆེན་རང་བཞིན་ངོས་འཛིན།

     ༢༠༡༧ལོའི་སྤྱི་ཟླ༡༡པའི་ཚེས་༢༢ཉིན་གྱི་དགུང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྨད་ཀྱི་ཚོགས་ཁང་ཆེན་མོ་རུ་ཐོན་མིའི་རིག་གནས་བརྗེ་རེས་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་༼འཆད་ཁྲིད་ཐོན་མིའི་དགོངས་རྒྱན་༽ སྟེང་ཆེད་ཞུས་ལྟར་འཆད་ཁྲིད་པ་དགེ་རྒན་ཁྲིན་ལགས་ཀྱིས་༼བརྙན་པར་དང་བརྙན་པར་ཟིན་ཐོའི་གལ་ཆེན་རང་བཞིན་ངོས་འཛིན།༽ཞེས་པའི་འཆད་ཁྲིད་བྱས་ཤིང་། འཆད་ཁྲིད་ཀྱི་ནང་དོན་གཙོ་བོ་འཛམ་གླིང་གི་ཆེས་ཐོག་མའི་འདྲ་པར་དང་ཆེས་ཐོག་མའི་གློག་བརྙན་སོགས་དགེ་སློབ་ཡོངས་ལ་སྤྱན་འབུལ་བྱས་ཏེ་ངོ་སྤྲོད་གནང་བར་མ་ཟད། ཀྲུང་གོ་དང་ཐེ་ཝན། བོད་བཅས་ཀྱི་ཆེས་ཐོག་མའི་འདྲ་པར་ལེན་མཁན་དང་དེ་དག་གིས་བླངས་པའི་འདྲ་པར་སོགས་ངོ་སྤྲོད་བྱས་པ་དང་། འདྲ་པར་དང་བརྙན་གྱི་ལམ་དུ་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གནས་བཅས་ཉར་ཚགས་བྱས་ཏེ་ཟིན་ཐོ་བཀོད་ཆོག་པའི་གལ་ཆེན་རང་བཞིན་སྐོར་གྱི་འཆད་ཁྲིད་ཞིབ་རྒྱས་གནང་བར་དགེ་སློབ་ཡོངས་ཀྱིས་དགའ་བསུ་ཐོབ།

དགེ་རྒན་ཁྲིན་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

གནའ་བོའི་འདྲ་པར་མཚམས་སྦྱོར།

གནའ་བོའི་འདྲ་པར་མཚམས་སྦྱོར།

གནའ་བོའི་འདྲ་པར་མཚམས་སྦྱོར།

འཆད་ཁྲིད་ཀྱི་ཡུལ་དངོས།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  གཟི་མིག་གསུམ་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-11-22 ལྟ་ཀློག (3132)