ཀླུ་ཆུའི་རྭ་རྒྱའི་སློབ་གྲོགས་ལྷན་འཛོམས།


ཀླུ་ཆུའི་ཐོན་མིའི་སློབ་ཚོགས་ཀྱི་སྐབས་དང་བོའི་སློབ་གྲོགས་ལྷན་འཛོམས།

      སྤྱི་ལོ༢༠༢༢ལོའི་སྤྱི་ཟླ༡༡བའི་ཚེས༥ཉིན་མདོ་སྨད་ཀླུ་ཆུའི་ཡུལ་གྱི་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་སོ་སོའི་མཐར་ཕྱིན་སློབ་མའི་ལྷན་འཛོམས་ཐེངས་དང་བོ་བདེ་ལེགས་ངང་ཚོགས།  ཐེངས་འདིར་སློབ་གྲོགས་རྒན་གཞོན་སུམ་ཅུ་ལྷག་ལྷན་འཛོམས་ཀྱི་དགའ་སྟོན་ལ་རོལ་ཞིང་། སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་། འཛད་མཐའ་མེད་པའི་བྱམས་བརྩེ་དང་ལྷག་བསམ་གྱིས་བསྐྲུན་པའི་མ་ཡུམ་སློབ་གླིང་གི་སློབ་གསོའི་ཁ་ཕྱོགས་གཞི་བྱས་ཏེ། དུས་རབས་ཀྱི་འགྲོས་དང་མཐུན་པར་ཏང་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཆོས་ལུགས་སྲིད་ཇུས་སོགས་ཀྱི་དགོངས་དོན་མཐའ་དག་ལ་མ་འགལ་བའི་སྒོ་ནས།  རང་ཉིད་ཀྱི་ཕྲག་སྟེང་དུ་བབས་པའི་འོས་འགན་དང་ཐོབ་ཏུ་རུང་བའི་ཁེ་དབང་ཡོད་ཚད་ལོངས་སུ་སྤྱད་དེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚད་ལྡན་ཞིག་དང་། བོད་མི་ཡང་དག་ཅིག་བྱས་ཏེ་ཕ་ཡུལ་ཀླུ་ཆུའི་ཕྱོགས་སུ་སྔ་ན་མེད་པའི་འཆམ་མཐུན་གྱི་འོད་སྣང་རྒྱས་ཤིང་། བཀྲ་ཤིས་བདེ་ལེགས་ཀྱི་སྐལ་བཟང་ཞིག་ཤར་བར་འབད་བརྩོན་གང་ལེགས་བྱ་རྒྱུའི་རེ་འདུན་དང་། ཚོམས་འདིའི་ད་ལྟའི་གནས་བབས་དང་འབྱུང་འགྱུར་གྱི་ཁ་ཕྱོགས་སོགས་ལ་སློབ་གྲོགས་རེ་རེས་བསམ་ཚུལ་སྦ་གསང་མེད་པར་བཤད་དེ། མཐར་བདེ་ལེགས་ངང་གྲོལ།



                               གསར་འགོད། འཇིགས་མེད་གྲགས་པ།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-11-07 ལྟ་ཀློག (4390)