མི་ཚེ།

༄༅།། མི་ཚེ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


ལོ་བཅུའི་མན་དུ་རྩེ་དང་ངུས་ནས་ཚར། །
ལོ་བཅུ་ནས་བཟུང་ལས་བྱ་བྲིས་ནས་ཚར། །

ཉི་ཤུ་ནས་བཟུང་ཕུགས་བསམ་བཙལ་ནས་ངལ། །

སུམ་ཅུ་ལོན་དུས་ལངས་ཕྱོགས་རྙེད་ཙམ་བྱུང་། །


བཞི་བཅུའི་ནང་ལ་ལས་འགན་ལྕི་མོས་མནན། །

ལྔ་བཅུའི་ནང་ལ་ད་དུང་འདུར་རྒྱུག་བྱེད། །

དྲུག་ཅུའི་ནང་ལ་རང་དབང་ཨེ་ཡོད་བལྟ། །

བདུན་ཅུར་བདེ་ཐང་ཡོད་ན་སྐྱིད་ཅིག་རོལ། །


བརྒྱད་ཅུ་དགུ་བཅུ་ཨེ་ལོན་སུ་ཡིས་ཤེས། །

ལོན་ཀྱང་ལུས་སེམས་རྒས་པས་ཅི་ཞིག་ནུས། །

མི་ཚེ་ཐུང་ཐུང་དོན་མེད་བྱ་བས་བྲེལ། །

དོན་ལྡན་ཆོས་ལ་འབད་དུས་ནམ་ཞིག་ཡིན། །

བྱམས་པ་དོན་གྲུབ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2022-10-21 ལྟ་ཀློག (4076)