​རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར།(དགུ་བ)བཀྲ་ཤིས་ཚེ་རིང་།

རྭ་རྒྱའི་མཐར་ཕྱིན་སློབ་མ་འོས་སྦྱོར། 

བཀྲ་ཤིས་ཚེ་རིང་། (གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་གསུམ་པའི་མཐར་ཕྱིན་སློབ་མ། )

    ༡༩༧༨ལོར་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་བརྡལ་བད་ཁོ་སྡེ་བ་རུ་སྐྱེས། 

    ༡༩༩༦ལོའི་སྤྱི་ཟླ༨ཚེས༡༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཤིང་།   

    ༢༠༠༡ལོའི་སྤྱི་ཟླ༨ཚེས༤ཉིན་སློབ་མཐར་ཕྱིན། 

    ༢༠༠༡ལོའི་སྤྱི་ཟླ༩པར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཆེད་སྦྱོང་ཚན་ཁག་ཏུ་ཞུགས། 

    ༢༠༠༤ལོའི་སྤྱི་ཟླ༦ཚེ༢༥ཉིན་སློབ་གྲྭ་དེ་གའི་བོད་སྐད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། 

    ༢༠༠༤ལོའི་སྤྱི་ཟླ༩པར་ཕྱིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཡོང་སྟེ་སློབ་གྲྭའི་ལོ་ངོ་བཅུའི་ཡིག་ཚགས་ལེགས་སྒྲིག་དང་སློབ་རའི་བསླབ་དེབ་གསར་སྒྲིག་གི་ལས་ལ་ཞུགས། 

    ༢༠༠༥ལོའི་སྤྱི་ཟླ༡༠ཚེས༡༥ཉིན་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་བཀོད་ལྟར་གསར་དུ་བཙུགས་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་དགེ་རྒན་གྱི་ལས་གནས་སུ་ཞུགས། 

    ༢༠༠༨ནས༢༠༡༦ལོའི་བར་སློབ་གྲྭ་དེ་གའི་སློབ་དོན་པའི་འགན་ཁུར་ཞིང་། 

    ༢༠༡༧ལོའི་སྤྱི་ཟླ༤ནས་ད་ལྟའི་བར་སློབ་གྲྭ་དེ་གའི་ཏང་གཙོ་དང་སློབ་གཙོའི་འགན་གཅིག་ལྕོགས་སུ་ཁུར་ཡོད། 

    ༢༠༡༤ནས༢༠༡༧ལོའི་བར་ཏེ་ལོ་ངོ་བཞིའི་རིང་ལ་མགོ་ལོག་ཁུལ་སློབ་གསོ་ཅུའུ་ཡིས་བསྒྲུབས་པའི་སློབ་གྲྭ་ཆུང་འབྲིང་གི་རྐང་འཛིན་དགེ་རྒན་གྱི་ཟབ་སྦྱོང་འཛིན་གྲྭའི་བོད་སྐད་ཡིག་དགེ་རྒན་གྱི་འགན་ཁུར་བ་དང་། 

    ༢༠༡༤ལོར་ལྗོངས་ཞིང་ལྔའི་སློབ་གྲྭ་ཆུང་འབྲིང་གི་རྩོམ་ཡིག་འགྲན་སྡུར་ཁྲོད་ཕུལ་བྱུང་རྩོམ་རིག་མཛུབ་ཁྲིད་དགེ་རྒན་གྱི་མཚན་སྙན་ཐོབ། 

    ༢༠༡༦ལོར་མཚོ་སྔོན་ཡ་ཅུའུ་ལི་སློབ་གསོའི་ཐེབས་རྩ་ཚོགས་པས་བདམས་ཐོན་བྱུང་བའི་ཕུལ་བྱུང་དགེ་རྒན་དང་། མགོ་ལོག་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་བདམས་ཐོན་བྱུང་བའི་ཁྲི་སྒོར་རྟགས་མའི་དམིགས་བསལ་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ། 

    ༢༠༡༩ལོར་མཚོ་སྔོན་མི་རིགས་བསླབ་གཞི་སྒྲིག་སྦྱོར་ལྟེ་གནས་ཀྱི་ཆེད་ཞུས་བསླབ་གཞི་རྩོམ་སྒྲིག་པ་དང་། 

    ༢༠༢༠ལོར་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་བའི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཚོགས་མི་དང་། བསླབ་དེབ་ཞིབ་བཤེར་མི་སྣ་བཅས་ཀྱི་འགན་ཁུར།  གཞི་རིམ་སློབ་གསོའི་ལས་ཀ་བསྒྲུབས་པའི་བགྲང་བྱ་བཅུ་བདུན་ཙམ་གྱི་རིང་ལ། རྒྱལ་ཁབ་རིམ་པའི་གཟེངས་རྟགས་ཐེངས༣དང་། ཞིང་ཆེན་རིམ་པའི་གཟེངས་རྟགས་ཐེངས༢༧  ཁུལ་དང་རྫོང་རིམ་པའི་གཟེངས་རྟགས་ཐེངས༦༠ལྷག་ལ་ཐོབ་མྱོང་བ་དང་། དེ་དག་གི་ཁྲོད་དུ་འཇིགས་མེད་ཀུན་སྤྱོད་བྱ་དགའ་ཐེངས༡༥ཐོབ་པ་ནི་མི་ཚེ་འདིའི་ཚེ་ནོམ་དུ་བརྩིས་ཡོད། 


གསལ་བཤད།  
    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་ཕུལ་བྱུང་མཐར་ཕྱིན་སློབ་མ་རྣམས་འོས་སྦྱོར་བྱེད་ཀྱིན་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་སྤྱི་ཚོགས་སྟེང་གཟེངས་ཐོན་གྱི་མཐར་ཕྱིན་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ།  

སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།   

15283703999 

15109745084


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-07-17 ལྟ་ཀློག (30767)