སློབ་གླིང་གསར་འགྱུར། སྒོར་ཁྲི་བཞི་བཅུ་ཡིས་ཞལ་འདེབས་ཕུལ་བ།

སློབ་གླིང་གསར་འགྱུར། 

      ༢༠༢༢ལོའི་ཟླ་༧ཚེས་༢ཉིན་ངེད་སློབ་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་དང་ཁོང་གི་ནུ་བོ་བཛྲ་འོད་ཟེར་རྣམ་གཉིས་ཀྱི་མཚམས་སྦྱོར་འོག་ནང་སོག་ཨོར་ཏུ་སུའི་ཁེ་ལས་པ་གྲགས་ཅན་སྐུ་ཞབས་ཆིའོ་ཡུའེ་ཧྭ་དང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ན་རིན་ཐོ་ཡ་བཅས་ངེད་སློབ་གླིང་ལ་ཡོང་བར་དགེ་སློབ་ཀུན་གྱིས་དགའ་བསུ་ཞུས། 

    སྐུ་ཞབས་ཆིའོ་ཡུའེ་ཧྭ་དང་ཁོང་གི་གྲོགས་པོ་ཞི་ཙི་དབྱི་གཉིས་ཀྱིས་མི་རེའི་དམངས་སྒོར་འབུམ་གཉིས་རེ་སྟེ་ཁྱོན་དམངས་སྒོར་ཁྲི་བཞི་བཅུ་ཡི་ཞལ་འདེབས་ཕུལ་ཅིང་། སློབ་གླིང་གི་མི་ལོ་ཉེར་བརྒྱད་ཀྱི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་དང་བསྔགས་བརྗོད་བྱས། 

གསར་འགོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-07-03 ལྟ་ཀློག (4794)