སློབ་གླིང་གསར་འགྱུར། རྩྭ་སྨན་ངོས་འཛིན།

རྩྭ་སྨན་ངོས་འཛིན།  

        དེ་རིང་ངེད་སློབ་གླིང་གི་བོད་ལུགས་གསོ་རིག་ཆེད་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་གསོ་རིག་ཆེད་ལས་དགེ་རྒན་རྣམས་ཀྱིས་ཁྲིད་དེ་ཞོགས་པའི་ཆར་ཞོད་དང་ལྷན་དུ་ལམ་ལ་ཆས།      རི་སྒང་དུ་ཐོན་དུས་ཆར་བ་འབབ་མཚམས་ཀྱང་ཡུན་གྱིས་བཞག་ཟིན།  ང་ཚོ་མུ་མཐུད་དུ་མཚོ་ངོས་ལས་རྨིད་བཞི་སྟོང་༤༠༠༠ཡན་གྱི་རི་སྒང་མཐོ་སར་བསྐྱོད་དེ་སྨན་སྣ་མི་འདྲ་བ་དྲུག་ཅུ་ཡས་མས་ལག་ཏུ་སོན་ཞིང་སློབ་མ་སོ་སོས་རང་རང་གིས་ཤེས་ཚོད་ཀྱིས་ངོས་འཛིན་དང་ཞིབ་སྡུར་བྱས། སློབ་གླིང་གི་གསོ་རིག་དགེ་རྒན་ཀརྨ་ལམ་བཟང་མཆོག་གིས་སློབ་མ་རྣམས་ལ་རྒྱུན་མཐོང་སྨན་རྫས་ཀྱི་ངོས་འཛིན་དཔྱད་སྡུར་དང་།    སྨན་སྣ་རེ་རེའི་ཕན་ནུས་དང་སྐྱེས་ཚད་སོགས་དམ་པའི་གསུང་རྒྱུན་ལས་ཐོབ་པའི་ཐུན་མིན་ངོས་འཛིན་བཅས་ཀྱིས་སློབ་སྟོན་གང་ལེགས་གནང་རྗེས་སློབ་མ་ཡོངས་ལ་སྨན་སྣ་ངོས་འཛིན་ཕྱོགས་ནས་སྔར་མེད་ཀྱི་བློ་སྐྱེད་རྒྱ་ཆེར་ཐོབ་པས་དགའ་སྣང་དང་བཅས་ཕྱིར་བདེ་ལེགས་ངང་སློབ་གླིང་དུ་འབྱོར། 














 




༢༠༢༢-༦-༢༥ཉིན། 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-06-26 ལྟ་ཀློག (3293)