སློབ་གླིང་གསར་འགྱུར། ཐ་སྙད་བློ་རྒྱུགས་འགྲན་སྡུར།

ཐ་སྙད་བློ་རྒྱུགས་འགྲན་སྡུར། 

  

སྤྱི་ལོ་༢༠༢༢ལོའི་ཟླ་༦་པའི་ཚེས་༡༡་སྟེ་རེས་གཟའ་ཕུར་བུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀྱི་སྟེང་ངེད་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བརྒྱད་པའི་ཐ་སྙད་འགྲན་སྡུར་གླིང་སྟོད་ཀྱི་སྒྲ་སྒྱུར་གཙུག་ལག་གླིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། སྐབས་ཉེར་ལྔ་བའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གི་འཐུས་ཚབ་མི་སྣས་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་དང་སྐབས་རྗེས་མའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་ལ་མ་ཉམས་གོང་འཕེལ་གཏོང་རྒྱུའི་ཕྱོགས་ལ་རེ་བ་ཞུས། ལྷག་པར་དུ་ཚོགས་ཐོག་ནས་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་གསུང་བཤད་གནང་ཞིང་། ཁོང་གིས་བྱ་དགའ་ཐོབ་པའི་སློབ་གྲོགས་དག་ལ་སྨོན་ཚིག་དང་བསྟོད་བསྔགས་གནང་། སྐབས་ཉེར་ལྔ་བའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གི་ངོས་ཐད་ནས་སྐབས་ཉེར་བརྒྱད་པའི་ཐ་སྙད་འགྲན་སྡུར་ལ་རྒྱབ་སྐྱོར་གནང་མཁན་གྱི་སྤྲུལ་སྐུ་འཇུམ་སྲས་སྐལ་བཟང་བསྟན་འཛིན་དང་། འབྲུག་རྩེ་རྒྱལ། སྦྱིན་པ་རྒྱ་མཚོ། ཨ་ལྕགས། རྣལ་འབྱོར་སོགས་ལ་བཀའ་དྲིན་མཚོན་བྱེད་ཕུལ་རྗེས་དགེ་རྒན་རྣམ་པས་ཐེངས་འདིའི་གཟེངས་སུ་ཐོན་པའི་སློབ་གྲོགས་ཡོངས་ལ་བྱ་དགའ་གནང་བ་དང་ལོ་གཅིག་གི་བྱ་བའི་སྤྱི་སྡོམ་ཁྲོད་ཕུལ་བྱུང་འཛིན་གྲྭ་ལ་གཟི་བརྗིད་དཔང་ཡིག་སྤྲད་དེ་ཐེངས་འདིའི་འགྲན་ཚོགས་གྱི་མཇུག་ལེགས་པར་བསྡུས་སོ། །

བྱ་དགའི་ཨང་རིམ།

ཨང་དང་བོ། མཐར་ཕྱིན་གཉིས་པ། འཇིགས་མེ་གྲགས་པ།
ཨང་གཉིས་པ། མཐོ་གཉིས་དང་བོ། ཚེ་རིང་ཐར།
མཐོ་གཉིས་གཉིས་པ། ལེགས་བཤད།
ཨང་གསུམ་པ། མཐར་ཕྱིན་དང་བོ། སྦྱིན་པ་དར་རྒྱས།
མཐོ་གཉིས་དང་བོ། གསུང་རབ་རྒྱ་མཚོ།
མཐོ་གཉིས་གཉིས་པ། རྟ་མགྲིན་ཚེ་རིང་།
རྟིང་སྐུལ། མཐར་ཕྱིན་དང་བོ། པདྨ་མ་འབུམ། འབྲིང་གཉིས། རྡོ་རྗེ་རྣམ་རྒྱལ། དམའ་རིམ་དང་བོ། བརྟན་སྐྱོང་ཚེ་མདོ། མཐོ་གཅིག་དང་བོ། དངོས་གྲུབ་དབང་རྒྱལ།

༢༠༢༢ལོའི་ཟླ་༦་པའི་ཚེས་༡༦་ཉིན་སློབ་གླིང་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས།








རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-06-16 ལྟ་ཀློག (2781)