རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གཉིས་པ) ཁྲི་གླིང་པདྨ་ཡང་གསང་།

ཁྲི་གླིང་པདྨ་ཡང་གསང་། ཕ་ཡུལ་ཁྲི་ཀ་ནས་སློབ་གྲྭ་ཆུང་འབྲིང་བརྒྱུད་རྗེས། ༢༠༠༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས། ༢༠༠༧ལོར་སློབ་མཐར་ཕྱིན་རྗེས་ནུབ་བྱང་མི་རིགས་སློབ་ཆེན་འགྲིམས་ཤིང་།༢༠༡༠ལོར་མཐར་ཕྱིན། ལོ་དེའི་སྟོན་ཀར་བོད་ལྗོངས་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་ཡིག་ཚད་ལོན་ཏེ་སློབ་གཉེར་བྱས། ༢༠༡༣ལོར་མཐར་ཕྱིན་རྗེས་སློབ་གྲྭ་དེ་གའི་དགེ་རྒན་བྱས། ༢༠༡༨ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཚད་མ་དང་ནང་བསྟན་ཡིག་ཚང་གི་འབུམ་རམས་པའི་ཡིག་ཚད་ལོན་ཏེ་སློབ་གཉེར་བྱས་ཤིང་། ད་ལྟ་བོད་ལྗོངས་སློབ་ཆེན་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་མཆིས།

དཔྱད་རྩོམ་གྱི་སྐོར་ལ། དབུ་མ་གཞན་སྟོང་གི་ལྟ་བའི་འབྱུང་ཁུངས་འཚོལ་ཞིབ་ཅེས་པ་དང་། རིགས་འཇུག་ལ་ཞུས་གཏན་མཛད་མཁན་ལྷ་བཙུན་ཆོས་ཀྱི་རིན་ཆེན་གྱི་རྒྱུས་འཚོལ་བ། སི་ཏུའི་འགྲེལ་ཆེན་གྱི་ལ་དོན་དང་འབྲེལ་བའི་དོགས་གནད་འགའ་ལ་བསྐྱར་དུ་དཔྱད་པ། བོད་ཀྱི་སྙན་ངག་གསར་བའི་བྱུང་ཚུལ་ལ་དཔྱད་པ། ཇོ་ནང་ལྕམ་མདའ་དགོན་པའི་ལོ་རྒྱུས་རགས་ཙམ་གླེང་བ། རིགས་འཇུག་གི་ཕྱོགས་ལྟར་སྣང་སྐོར་གྱི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་ལ་དཔྱད་པ་སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔྱད་རྩོམ་དུ་མ་བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ། མཚོ་སྔོན་སྤྱི་ཚོགས་ཚན་རིགས་སོགས་་དུས་དེབ་གཙོ་གྲས་ཁག་ཏུ་སྤེལ་ཡོད་ལ། གཞན་ཡང་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་ལས་གཞི་གསུམ་ཙམ་ལ་ཞུགས་ཡོད།

གསལ་བཤད།  
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་རྩོམ་འབྲི་བ་དག་ལ་དམིགས་ནས་ད་རེ་ཆེད་དུ་གཟའ་འཁོར་རེའི་ནང་དུ་རང་རེའི་དྲ་བར་མཐར་ཕྱིན་སློབ་མའི་རྩོམ་ཡིག་ཆེད་བཀོད་ཀྱི་ལེའུ་ཚན་ཞིག་བཀོད་སྒྲིག་ཞུས་ཡོད་པས་མཐར་ཕྱིན་རྩོམ་ལ་དགའ་བ་དག་གིས་སློབ་ཚོགས་གཞུང་ལས་ཁང་དུ་རང་རང་གི་རྩོམ་ཡིག་བསྐུར་རོགས་ཞུ།   སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།  (0975) 838 9857    སྐད་འཕྲིན། 15109745084

གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-05-16 ལྟ་ཀློག (26356)