སློབ་གླིང་གསར་འགྱུར། ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན།

 སློབ་གླིང་གསར་འགྱུར། ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན།                                                                         

   ངེད་སློབ་གླིང་གིས་ལོ་རེའི་འཆར་ཅན་ལྟར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་ཡིག་གཟུགས་ཐོན་མིའི་ཕྱག་རྒྱུན་ཞེས་པའི་བྱ་འགུལ་སྤེལ་ཅིང་། སློབ་མ་རྣམས་ཀྱིས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་ལྔ་བཅུ་ལྷག་ལས་བཅུ་ཐམ་པ་བདམས་ཏེ་བྱ་དགའི་གཟེངས་རྟགས་གནང་། 

    ཞོགས་པར་ཐོན་མིའི་འབུམ་གླིང་གི་ཐང་ཆེན་དུ་གླིང་སྟོད་སྨད་ཀྱི་དགེ་རྒན་དང་ལས་བཟོ་བ་ཡོངས་མཛད་སྒོར་ཞུགས་ཤིང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཡིག་གཟུགས་འབྲི་བ་ནི་འགྲན་བསྡུར་ཙམ་གྱི་ཆེད་དུ་མ་ཡིན་པར་དུས་རྒྱུན་དུ་ཡིག་གཟུགས་ལ་དོ་སྣང་བྱ་དགོས་པ་དང་། ལྷག་པར་དུ་སུམ་རྟགས་སྙན་ངག་གི་ལས་བྱ་འབྲི་སྐབས་ཡིག་གཟུགས་ལ་དོ་སྣང་བྱས་ཏེ་སློབ་གླིང་གི་ཡིག་གཟུགས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་དགོས། སྤྱིའི་ཆ་ནས་ན་ནིང་དང་བསྡུར་ན་ད་ལོའི་ཡིག་གཟུགས་བརྩམས་ཆོས་རྣམས་འཐུས་ཇེ་ཚང་དང་སྤུས་ཇེ་དག་ལ་སོང་འདུག་པས་མུ་མཐུད་དུ་འབད་པ་བྱ་དགོས། འདིའི་ཕྱོགས་ལ་དགེ་སློབ་ཚང་མས་དོ་སྣང་བྱོས་ཞེས་སོགས་གསུང་བཤད་གལ་ཆེན་གནང་། 

    ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་ཁྲོད་བདམས་ཐོན་བྱུང་བ་དག་ནི་གཤམ་གསལ། 

ཨང་དང་བོ། 

བཀྲ་ཤིས་དབང་ཕྱུག མཕྱིན་གཉིས་པ། 

ཨང་གཉིས་པ། 

འཇིགས་མེད་བསྟན་འཛིན། མཐོ་གཉིས་དང་བོ། 

ཕུན་ཚོགས་རྣམ་རྒྱལ། དམའ་གཅིག 

ཨང་གསུམ་པ།

ངག་དབང་དགེ་འདུན། མཐོ་གཉིས་གཉིས་པ། 

ཚེ་རིང་བསམ་གྲུབ། མཐོ་གཉིས་གཉིས་པ། 

ཚེ་རིང་དོན་གྲུབ། འབྲིང་གཉིས།  

རྟིང་སྐུལ། 

དཀོན་མཆོག་བཟོད་པ། འབྲིང་གཉིས། 

རྒྱ་མཚོ། འབྲིང་གཅིག 

ཐེག་མཆོག མཐར་ཕྱིན་དང་བོ། 

བློ་བཟང་གྲགས་པ། མཐོ་གཉིས་དང་བོ། 

རིན་ཆེན་རྣམ་རྒྱལ། འབྲིང་གཉིས། 

གསར་འགོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-04-30 ལྟ་ཀློག (5103)