འཕྲིན་ལས་ཉི་མ།

༡༩༩༩ལོར་སློབ་ཆུང་མཐར་ཕྱིན། 

༢༠༠༢ལོར་གྱང་རིང་དགོན་ནས་རབ་ཏུ་བྱུང་། 

༢༠༡༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན། 

༢༠༡༢ལོར་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ནས་དགེ་རྒན་གྱི་བྱ་བ་གཉེར།

༢༠༡༦ལོར་གྱང་རིང་དགོན་རྨ་རྒྱལ་ཆོས་རིག་སློབ་གླིང་གི་སྤྱིའི་འགན་འཛིན་པ་ཁུར།

༢༠༡༧ལོར་གྱང་རིང་དགོན་པའི་དགོན་གཙོའི་འགན་ཁུར།

༢༠༡༧ལོར་ལྡོང་གསུང་ཆོས་རྩོམ་སྒྲིག་ཁང་གི་ཚོགས་གཙོ་གཞོན་པའི་འགན་ཁུར། 

༢༠༡༧ལོར་མགོ་ལོག་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མིར་བདམས། 

༢༠༡༩ལོར་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དུ་བདམས། 

༢༠༢༡ལོར་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གྱི་འགན་ཁུར། 

༢༠༢༡ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་རྩོམ་སྒྲིག་པ་དང་གསར་འགོད་པའི་འགན་ཁུར། 

༢༠༢༡ལོར་རྨ་ཆེན་རྫོང་སྲིད་གྲོས་ཀྱི་ཨུ་ཡོན། 


 བརྩམས་ཆོས་ཀྱི་སྐོར་ལ། སྙན་ངག་གི་དེབ་སྟེ་གླིང་བུ་རྒྱང་འབུད་དང་། ཕུག་རོན་གྱི་གསང་བརྡ། ཕུག་རོན་གྱི་གཤོག་འགྱུར་དང་། བརྡ་སྤྲོད་ཀྱི་དེབ་སྟེ། བྱིས་པའི་དགའ་སྟོན། གཞོན་ནུའི་ལམ་ཡིག ཐོན་མིའི་འཛུབ་སྟོན། བདེན་པའི་ཚངས་ཐིག་བཅས་བཞི་དང་། ཚིག་ཐུང་རྩོམ་ཡིག་གི་དེབ་སྟེ།  སྐད་ཆའི་རླབས་སྒྲ་དང་། ཚིག་གི་ཕྲེང་བ། དཔེ་ཀློག་བཅས་ཡོད་དོ།། 




རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-19 ལྟ་ཀློག (9167)