བསོད་ནམས་རབ་སྣང་།


   དངོས་མིང་། བསོད་ནམས་རབ་སྣང་། སྤྱི་ལོ 1992 ལོར་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་རྒྱ་བཟའ་སྡེ་བ་རུ་སྐྱེས། 2001—2007 བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་གཉེར་བྱས། 2008—2010 བར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་སློབ་གཉེར་བྱས། 2010—2013 ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱས། 2012ནས་འགོ་བཟུང་སྟེ་སློབ་སྦྱོང་གི་ཞོར་དུ་རྭ་རྒྱ་ས་ཁུལ་དུ་འོད་སྙེག་མཐུན་གྲོས་ཞེས་པ་ཞིག་རྩ་འཛུགས་བྱས་སྟེ་ས་གནས་གཙོ་བོར་བཟུང་ནས་གསབ་སྦྱོང་འཛིན་གྲྭ་དང་སྙན་ངག་གྱེར་འདོན་འགྲན་བསྡུར། རིག་གནས་སྐོར་གྱི་བགྲོ་གླེང་འདྲ་མིན་སྤེལ་མུས་སུ་ཡོད། ད་ལྟའི་ལས་གནས་གཙོ་བོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་དང་རྨ་ཆེན་རྫོང་ཁྱུང་ཆེན་ཀོ་པགས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེའི་འགན་འཛིན་པ། གངས་ལྗོང་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་ཚིགས་རྩོམ་སྒྲིག་པ་དང་དྲ་ཚིགས་གསར་འགོད་པ། མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོ་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་རྒྱུན་ལས། དུས་ཀྱི་སྨྲ་ལྕེ་དྲ་ལམ་རིག་གནས་བགྲོ་གླེང་གི་གཙོ་སྐྱོང་བ། མགོ་ལོག་རི་བོང་བློ་ལྡན་སློབ་སྦྱོང་མཉེན་ཆས་ཀྱི་འགན་འཛིན་གཞོན་པ།  གངས་ལྗོངས་ཚོང་རའི་མ་བདག་གི་འཐུས་མི་བཅས་ཀྱི་འགན་བླངས་ཡོད། 



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-19 ལྟ་ཀློག (3176)