དགེ་རྒན་དབང་ཆེན་རྡོ་རྗེ།


དངོས་མིང་།  དབང་ཆེན་རྡོ་རྗེ། པིར་མིང་།  མུ་ཏོ་བ། 

རྟེན། གྲོང་བ།
ས་གནས། མཚོ་ལྷོ་འབའ་རྫོང་།
༡༩༩༤ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།
༢༠༠༠ལོར་སློབ་མཐར་ཕྱིན། 
༢༠༠༣ནས་༢༠༡༨བར་དུ་ཕྱི་ཕྱོགས་ནས་སློབ་གཉེར་བྱས།
༢༠༡༧ལོར་ཞིབ་འཇུག་སློབ་མའི་བསླབ་གནས་མཐར་ཕྱིན་ནས་གསེར་གྱི་རྟགས་མ་ཐོབ་མྱོང་།
༢༠༢༠ལོར་ཕྱིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཡོང་ནས་དགེ་རྒན་གྱི་བྱ་བ་གཉེར།
སྔ་གཞུག་ཏུ་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་རེ་འགའ་བཀོད་མྱོང་ལ། སྒེར་གྱི་སྙན་དེབ་ཅིག་ཀྱང་པར་དུ་བསྐྲུན་མྱོང་། རྒྱ་གར་གྱི་སློབ་གསོ་བ་གྲགས་ཅན་ཀིར་ཤུ་ན་མུར་ཏིས་མཛད་པའི་སློབ་གསོ་གླེང་བ་དབྱིན་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་རྒྱལ་ཕྱི་ནང་གི་སྤྱི་ཚོགས་སུ་བཀྲམས། རྩོམ་ཡིག་འགྲན་སྡུར་མི་ཉུང་བར་ཞུགས་ནས་བྱ་དགའ་ཐེངས་འགར་ཐོབ་མྱོང་།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-19 ལྟ་ཀློག (3219)